སྲིད་དོན། 详情

སྐབས27པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་མ་ལག་རིམ་སྤར་བྱས།

ཟླ7པའི་ཚེས7ཉིན།གསར་འགོད་པས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་མ་ལག་རིམ་སྤར་དང་ཁྱད་ཆོས་མངོན་གསལ་ཡིན་ལ། འགྲེམ་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.5ལྷག་ཙམ་ཡོད། མཉམ་ལས་སྒོ་འབྱེད་དང་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ལྗང་མདོག་འཕེལ་རྒྱས་ཁང་དང་མཉམ་ལས་འབྲེལ་འདྲིས་ཁང་། ས་ཁུལ་འཕེལ་རྒྱས་ཁང་བཅས་ཁྱད་ལྡན་འགྲེམ་ཁུལ་ཆེན་པོ་གསུམ་བཙུགས་ཡོད།

ལྗང་མདོག་འཕེལ་རྒྱས་འགྲེམ་ཁུལ་ལས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་གཅིག་སྡུད་ཀྱིས་འགྲེམ་སྟོན་བྱ་རྒྱུ་ཡིན་ལ། ལྗང་མདོག་རྩིས་ཤུགས་རྟེན་གཞིའི་འཛུགས་སྐྲུན་གྱི་གྲུབ་འབྲས་དང་མཉམ་ལས་མཉམ་འབྲེལ་གྱི་འགྲེམ་ཁུལ་ལས་དཔལ་འབྱོར་ཉོ་འཚོང་མཉམ་ལས་ལ་དམ་པོར་དམིགས་ཏེ། རྒྱལ་སྤྱིའི་མཉམ་ལས་དང་ཞིང་ཆེན་བར་གྱི་ཚོང་གཏམ་གྲོས་ཚོགས་ལ་འབྲེལ་མཐུད་སྟེགས་བུ་བསྐྲུན་པ་དང་། ས་ཁུལ་འཕེལ་རྒྱས་ཀྱི་འགྲེམ་ཁུལ་ལས་གྲོང་ཁྱེར་དང་ཁུལ་སོ་སོའི་ཐོན་ལས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་རྒྱུ་རེད།

འགྲེམ་ཚོགས་ཀྱི་མཉམ་འབྲེལ་རྣམ་པའི་སྟེགས་བུ་བསྐྲུན་ཏེ། ས་ཁོངས་བརྒལ་བའི་མཉམ་ལས་ལ་སྟབས་བདེ་གང་ལེགས་བསྐྲུན་པ་དང་། འགྲེམ་ཁུལ་དེ་ཐོན་ཁུངས་སྦྲེལ་མཐུད་ཀྱི་གནས་གཙོ་བོར་བསྒྱུར་ཡོད། སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་དང་སྐུ་མགྲོན་གཙོ་བོའི་ཞིང་ཆེན། དེ་མིན་ཞིང་ཆེན་གཞན་དག་གི་འགྲེམ་ཁུལ་བཅས་ལ་མཉམ་འབྲེལ་བྱས་ནས་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་བགྲོད་ལམ་ཤར་གཏོང་ཐུབ་པར་བྱས་པ་རེད། སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་སྟེ་ཀྲི་ལིའི་འགྲེམ་ཁུལ་གྱིས་རྒྱལ་སྤྱིའི་མཉམ་ལས་ཀྱི་དཔེ་མཚོན་བཏོད་པ་དང་། ཆེད་གཏོགས་འགྲེམ་ཁང་བཙུགས་ནས་འགྲེམ་སྟོན་གྱི་མཛད་སྒོ་དང་རིག་གནས་འགྲེམ་སྟོན། དེ་མིན་དཔལ་འབྱོར་ཉོ་འཚོང་འབྲེལ་འདྲིས་ཚོགས་འདུ་བཅས་བསྡུས་ཏེ། ཀྲུང་གོ་དང་ཀྲི་ལི་ཡི་རྒྱུ་ཆ་གསར་པ་དང་ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཕན་འབྲས་གཅིག་སྡུད་ཀྱིས་མངོན་ནས། ཁེ་ལས་ཀྱིས་ཆེད་གཉེར་མཉམ་ལས་ལ་འབྲེལ་མཐུད་སྒོས་ཕྱོགས་གཉིས་ཀའི་ཡུལ་དངོས་མཉམ་ལས་གྲོས་མཐུན་གྱི་མིང་རྟགས་འགོད་པར་སྐུལ་འདེད་བཏང་།

སྐུ་མགྲོན་གཙོ་བོའི་ཞིང་ཆེན་ཏེ་ཧྲན་ཏུང་དང་ཧྥུའུ་ཅན་འགྲེམ་ཁུལ་གྱིས་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་དང་མ་གཏོང་གི་གནད་འགག་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། དཔལ་འབྱོར་ཉོ་འཚོང་མཉམ་ལས་ཀྱི་འབྲེལ་འདྲིས་ཚོགས་འདུ་དུས་མཉམ་དུ་འཚོགས་ཤིང་། མཚོ་སྔོན་དང་ཤར་རྒྱུད་ཞིང་ཆེན་བར་གྱི་ཐོན་ལས་སྦྲེལ་ཐག་ཕན་ཚུན་གསབ་རེས་དང་ཁྲོམ་ར་མཉམ་སྤྱོད་སོགས་ཀྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ལས་བརྒལ་བའི་མཉམ་ལས་ཀྱི་ལས་གཞི་མང་པོ་ཞིག་གན་རྒྱའི་རྩིས་ཐོའི་ཁྲོད་བཞག་ཡོད།

热门新闻

热门图库

热门排行