གནད་བསྡུས། 详情

ཝུའུ་ཁི་ལན་ཅི་ཧྥུའུ་གྲོང་ཁྱེར་ལ་མཁའ་རྒོལ་ཐེབས་ནས་མི9རྐྱེན་ལམ་དུ་ཤོར།

2026-07-07 15:03:08 来源:གངས་ལྗོངས་མེ་ལོང་། 作者: 编辑:超级管理员

ཝུའུ་ཁི་ལན་ཅི་ཧྥུའུ་གྲོང་ཁྱེར་གྱི་དམག་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཐི་ཁ་ཆིན་ཁི་ཡིས་ཚེས6ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བཤད་རྒྱུར། ཨུ་རུ་སུས་ཉིན་དེའི་ནངས་མོར་ཅི་ཧྥུའུ་གྲོང་ཁྱེར་དུ་མཁའ་རྒོལ་བྱས་པ་ལས་མི9རྐྱེན་ལམ་དུ་ཤོར་བ་དང་། མི46རྨས།

ཝུའུ་ཁི་ལན་རྒྱལ་ཁབ་ཛ་དྲག་གནས་ཚུལ་ཅུས་ཀྱིས་ཚེས6ཉིན་གྱི་སྔ་མོར་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བསྟན་དོན། ཅི་ཧྥུའུ་གྲོང་ཁྱེར་པོ་ཏོ་ལི་སི་ཅི་ས་ཁུལ་དང་ཏ་འར་ནེ་ཚི་ཅི་ས་ཁུལ་གྱི་སྡོད་ཁང་བཟོ་བཀོད་མང་པོ་དང་ཀི་ལོ་ཞེ་ཡེ་ཧྥུ་སི་ཅི་ས་ཁུལ་གྱི་སྡོད་ཁང་མ་ཡིན་པའི་བཟོ་བཀོད་ཅིག་ལ་འཇབ་རྒོལ་ཐེབས་ནས། ཡུལ་དངོས་རོགས་སྐྱོབ་བྱེད་བཞིན་པའི་སྒང་ཡིན།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས6ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བརྡ་ཁྱབ་སྤེལ་ནས་བཤད་རྒྱུར། ཨུ་རུ་སུའི་དམག་གིས་ཉིན་དེར་ཝུའུ་ཁི་ལན་ལ་གཅིག་བསྡུས་རྡུང་རྡེག་བཏང་། ཨུ་རུ་སུའི་དམག་གིས་སྐམ་མཚོ་མཁའ་གསུམ་གྱི་ཞིབ་ཚད་མཐོ་བའི་རྒྱང་བསྟེན་མཚོན་ཆ་དང་ཕར་རྒོལ་ཅན་གྱི་མི་མེད་གནམ་གྲུ་བཀོལ་ཏེ། ཅི་ཧྥུའུ་གྲོང་ཁྱེར་དང་ཅི་ཧྥུའུ་མངའ་སྡེ་རུ་ཡོད་པའི་དམག་དོན་མཚོན་ཆའི་བཟོ་གྲྭའི་ཁེ་ལས་དང་འབར་རྫས་ནུས་ཁུངས་ཕྱོགས་བསྡུས་གཟུགས། དེ་བཞིན་ཏེ་ནེ་པོ་ལོ་པིས་ཏི་ལོ་ཧྥུ་སི་ཁི་མངའ་སྡེ་དང་པོ་འར་ཐ་ཝ་མངའ་སྡེ། ཆེ་འར་ཁ་སི་མངའ་སྡེ། ཆེ་འར་ནེ་ཀི་ཧྥུའུ་མངའ་སྡེ་དང་ཅི་ཧྥུའུ་མངའ་སྡེ་སོགས་ས་ཆར་ཡོད་པའི་དམག་སྤྱོད་གནམ་གྲུ་ཐང་ལ་རྡུང་རྡེག་བཏང་།

བརྡ་ཁྱབ་ལས་བསྟན་དོན། རྡུང་རྡེག་བྱ་སྤྱོད་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སུའི་མངའ་ཁོངས་ཀྱི་དམངས་སྤྱོད་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པར་ཕྱིར་ལན་སྤྲད་པ་རེད།



热门新闻

热门图库

热门排行