གནད་བསྡུས། 详情

ཞི་ཅིན་ཕིང་གིས་ཐིན་སིན་ཆིན་ཙི་ཕེ་རུའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་གློག་འཕྲིན་སྤྲིངས་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐིན་སིན་ཆིན་ཙི་ལ་གློག་འཕྲིན་སྤྲིངས་ནས། ཁོ་མོ་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕེ་རུ་ནི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་བ་རྒྱུན་འཁྱོངས་བྱས། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་མང་ཞིང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས། མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་མི་སེམས་སུ་འཇགས་ཡོད། ད་ལོ་ནི་ཀྲུང་ཕེ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར55ལོན་པའི་ལོ་ཡིན། ངས་ཀྲུང་ཕེ་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། བདམས་ཐོན་སྲིད་འཛིན་ཐིན་སིན་ཆིན་ཙི་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱས་ཏེ། ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།

ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཅ་ལ་ལེ་ཐ་ཕེ་རུའི་སྲིད་འཛིན་གཞོན་པ་དང་པོར་བདམས་པར་རྟེན་འབྲེལ་གློག་འཕྲིན་སྤྲིངས། །

热门新闻

热门图库

热门排行