གནད་བསྡུས། 详情

ཞི་ཅིན་ཕིང་དང་ཧེ་ཧྲན་གྱི་སྲིད་འཛིན་གྱིས་ཀྲུང་ཧེ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར20ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧེ་ཧྲན་གྱི་སྲིད་འཛིན་སྨི་ལ་ཐོ་ཝེ་ཆི་ཡིས་ཕན་ཚུན་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧེ་ཧྲན་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་ཅིང་། ཕྱི་འབྲེལ་བཙུགས་པའི་ལོ་ངོ20ཡི་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་བྱས་ཏེ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་བར་གྱི་མཛའ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་ཀྱི་མིག་དཔེ་བསྟན་ཡོད། ངས་སྲིད་འཛིན་སྨི་ལ་ཐོ་ཝེ་ཆི་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར20ལོན་པ་དེ་མགོ་འཛུགས་ས་གསར་པར་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གཉིས་ཕན་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཧེ་ཧྲན་བར་གྱི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད།

སྨི་ལ་ཐོ་ཝེ་ཆི་ཡིས་བསྟན་དོན། ཧེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་བསམ་ཤེས་ཀྱི་རྨང་གཞིའི་སྟེང་། མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བཞིན་ཡོད། ཧེ་ཧྲན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར20ལོན་པ་གོ་སྐབས་སུ་བཟུང་ནས། མཛའ་བརྩེ་འབྲེལ་བ་སྔར་ལས་སྲ་བརྟན་ཏུ་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད། །

热门新闻

热门图库

热门排行