སྲིད་དོན། 详情

ཅང་སུའུ་དང་མཚོ་སྔོན་གྱིས་ཐོན་ལས་མཉམ་འབྲེལ་ལ་ནུས་ཤུགས་བཏོན་པ།

རང་ཚགས་པར་གྱི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཅང་སུའུ་དང་མཚོ་སྔོན་གྱི་ཤར་ནུབ་རྒྱུད་མཉམ་ལས་ལམ་སྲོལ་ལ་བརྟེན་ཏེ། རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་དང་ཤར་གྲངས་ནུབ་རྩིས་ལས་གྲྭ་ལག་བསྟར་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཤིང་། འོད་ནུས་ཀྱི་ཐོན་ལས་སྦྲེལ་ཐག་ཡོངས་དང་ལྗང་མདོག་རྩིས་ཤུགས། ཐཱན་མེད་ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱས་པ་དང་། ཅང་སུའུ་ཞིང་ཆེན་གྱི་ཐོན་ལས་དང་མ་དངུལ། ལག་རྩལ་སོགས་སྤུས་ལེགས་ཐོན་ཁུངས་དང་གནད་འཁེལ་སྦྲེལ་མཐུད་བྱས། སྲིད་ཇུས་དང་ཚོང་འགུག གླིང་ཁུལ། འཇོན་མི་བཅས་གནས་བཞི་གཞི་གཅིག་ཅན་གྱི་མཉམ་འབྲེལ་འཕེལ་རྒྱས་མ་ལག་བཙུགས་ནས། ནུས་ཁུངས་གསར་པའི་མགོ་ཁུངས་ཀྱི་ཁེ་ལས་ཁག་ཅིག་བདེ་བླག་ངང་ནང་འདྲེན་དང་། འོད་ནུས་གློག་འདོན་དང་ལྗང་མདོག་རྩིས་ཤུགས་སོགས་ལས་གཞི་གལ་ཆེན་ཁག་ཅིག་ལག་བསྟར་བྱས་ཏེ། ནུས་ཁུངས་གསར་པའི་ཐོན་ལས་ཀྱི་གཅིག་བསྡུས་འཕེལ་རྒྱས་ལ་མཉམ་ཤུགས་འདོན་པར་སྐུལ་འདེད་བྱས།

ཅང་སུའུ་ནན་ཐུང་དང་དབྱང་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཟི་ལིང་དཔལ་འབྱོར་གསར་སྤེལ་ཁུལ་དང་མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་བཅས་ལ་ཁ་གཏད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཅང་སུའུ་གླིང་ཁུལ་གྱི་ཚོང་གཉེར་ཉམས་མྱོང་དང་མཚོ་སྔོན་ཐོན་ཁུངས་བར་སྟོང་གི་དགེ་མཚན་མཉམ་འདྲེས་དང་། རིགས་མི་འདྲ་བའི་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་བསྡུས་བྱེད་པ། ནུས་ཁུངས་གཙང་མའི་ཐོན་ལས་སྦྲེལ་ཐག་རྒྱ་སྐྱེད་པ་བཅས་བྱས་ཏེ། གློག་རྫས་དང་ལྷུ་ལག་སོགས་ཐོན་ལས་སྦྲེལ་ཐག་ཧྲིལ་བོའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད། ཝུའུ་ཞི་མཐོ་གསར་ཁུལ་དང་མཚོ་ཤར་གྱི་ཐཱན་མེད་ཐོན་ལས་གླིང་བར་ཁ་གཏད་རོགས་སྐྱོར་བྱེད་པར་སྐུལ་འདེད་བཏང་བ་དང་།  ཅང་སུའུ་ཡི་ཁེ་ལས6གིས་གན་རྒྱ་བཞག་སྟེ་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་།  ལྗང་གློག་མཁོ་འདོན་དང་ཐཱན་ཉུང་ཐོན་ལས།  ཐཱན་རིག་ནུས་དོ་དམ་བཅས་གཞི་གཅིག་ཏུ་འདུས་པའི་ཐཱན་མེད་དཔེ་སྟོན་འདུས་ཁུལ་ཞིག་བསྐྲུན་པ་རེད།

ནུས་ཁུངས་གསར་པའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ལ་དམིགས་ཏེ་ཅང་སུའུ་ཚན་རིག་ཞིབ་འཇུག་ཁང་དང་ནུས་ཁུངས་གཙང་མའི་ཁེ་ལས་ཀྱི་ཆེད་མཁས་པ་མཚོ་སྔོན་དུ་སྤེལ་རེས་དང་རྟོག་ཞིབ་བྱེད་དུ་ཡོང་བ་རྩ་འཛུགས་བྱས་ནས།ཐོན་ལས་ཀྱི་འཆར་འགོད་བཟོ་འགོད་ལ་རོགས་རམ་བྱས་ཤིང་། ཀྲུང་གོ་ཚན་རིག་གླིང་དངོས་ལུགས་ཞིབ་འཇུག་སོའོ་དང་། ཆིང་ཧྭ་སློབ་ཆེན། ནན་ཏ་གསོག་ནུས་བཅས་ཀྱི་ཆེད་མཁས་པ་གདན་དྲངས་ནས་ཡུལ་དངོས་མཛུབ་ཁྲིད་བྱས་པས། ནན་ཏ་དང་མཚོ་སྔོན་སློབ་ཆེན། ཞིང་ཆེན་གཉིས་ཀྱི་གློག་ཤུགས་ཀུང་ཟི་དབར་མཉམ་ལས་དང་ལག་རྩལ་རོགས་སྐྱོར་གྱི་གྲོས་མཐུན་བཞག་ནས།ལག་རྩལ་འགག་སྒྲོལ་དང་ཆེད་ལས་འཇོན་མི་གསོ་སྐྱོང་བྱེད་པར་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་གྱི་ནུས་ཁུངས་གསར་པའི་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་བསྒྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།།


热门新闻

热门图库

热门排行