ཏང་འཛུགས། 详情

མཚོ་ལྷོ་ཁུལ་གྱིས་བདུན་གཅིག་ལ་རྟེན་འབྲེལ་ཞུ་བ་དང་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བའི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་སྤེལ།་བ།

ཟླ7པའི་ཚེས1ཉིན་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་སྐབས་འདིར་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་།  ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཁུལ་སྨྱན་སྦྱོར་ལྟེ་གནས།  ཁུལ་མི་རིགས་གླུ་གར་ཚོགས་པ་དང་དེ་མིན་རྫོང་ལྔའི་རྫོང་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རོགས་སྒྲུབ་བྱས་པའི་མཚོ་ལྷོ་ཁུལ་གྱི་བདུན་གཅིག་ལ་རྟེན་འབྲེལ་ཞུ་བ་དང་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བའི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་སྤེལ།

བྱ་འགུལ་རིང་རྫོང་ཁག་སོ་སོ་ནས་རིམ་པ་བཞིན་གདམ་གསེས་དང་ཡང་དང་བསྐྱར་དུ་བཟོ་བཅོས་བྱས་པའི་སྒྲོག་འགྲེལ་བརྩམས་ཆོས10གར་སྟེགས་སུ་སྒྲོག་འགྲེལ་འགྲེམ་སྟོན་བྱས་ཤིང་།  སྒྲོག་འགྲེལ་པ་དག་ནི་ཡུལ་དངོས་སུ་བསྐྱོད་པའི་གསར་འགོད་པ་དང་གཞི་རིམ་དུ་གཞི་ཚུགས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི།  ལས་གནས་བརྟན་སྲུང་བྱེད་མཁན་མི་དམངས་ཉེན་རྟོག་པ་བཅས་ཡིན་ལ། ཁོ་ཚོས་རྩྭ་ཐང་དང་གཞི་རིམ་གྱི་རྣམ་པ་དང་དམངས་ལ་ཞབས་འདེགས་ཞུ་བ། དྲོད་ཁོལ་གྱིས་ཁེངས་པའི་གཞུང་ལུགས་ཀྱི་རྒྱས་སྟོན་ཞིག་བཤམས་ནས་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བའི་ལག་ལེན་གྱི་ཕན་འབྲས་དེ་ཉེ་འགྲམ་གྱི་གཏམ་རྒྱུད་དུ་བསྒྱུར།

འཁྲབ་སྟོན་ཧྲིལ་པོ་སྲོལ་རྒྱུན་གྱི་གཞུང་ལུགས་སྒྲོག་འགྲེལ་གྱི་རྣམ་པ་ལས་བརྒལ་ཏེ་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བ་དེ་མང་ཚོགས་ཅན་དང་གོ་བདེ་ཅན། ས་ཁོངས་ཅན་བཅས་ཀྱི་ལག་ལེན་ཁ་ཕྱོགས་དང་དམ་པོར་སྦྲེལ་བ་དང་། སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་དང་སྣང་ཚུལ་ཟློས་གར།  རང་ཡུལ་གྱི་གཞས་མ་གཏམ། ཁ་ཤགས།  གླུ་གར་སོགས་ཀྱི་རྣམ་པ་སྤྱད་དེ།  སྐྱེ་ཁམས་བཅོས་སྐྱོང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བར་དང་ཡུལ་སྲོལ་དཔལ་ཡོན་ནས་དམངས་འཚོའི་ཞབས་ཞུ་བཅས་ལས་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་འགྲེམ་སྟོན་བྱས།

མང་ཚོགས་དང་འབྲེལ་འདྲིས་ཆེ་ཞིང་དྲོད་ཁོལ་ལྡན་པ། གནད་ལ་འཁེལ་བ་བཅས་ཀྱི་སྒྲོག་འགྲེལ་འཁྲབ་སྟོན་ལས་མཚོ་ལྷོ་ཁུལ་གྱི་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བ་དེ་གཞི་རིམ་དུ་རྐང་ཚུགས་པ་དང་བཅོས་སྐྱོང་ལ་ནུས་པ་འདོན་པ།  དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་རྣམ་པ་མཚོན་པར་བྱས་ཡོད།

热门新闻

热门图库

热门排行