རྒྱལ་ནང་། 详情

ཞི་ཅིན་ཕིང་གིས་བཀའ་རྒྱའི་ལག་འཁྱེར་གནང་བ་མ་ཟད་གོ་གནས་སྤར་བའི་དམག་དཔོན་ལ་རྟེན་འབྲེལ་ཞུས།

   ཟླ7པའི་ཚེས3ཉིན། ཀྲུང་དབྱང་དམག་ཨུས་དམག་འཛིན་ཆེ་འབྲིང་གི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་བསྡུས།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤར་བའི་མཛད་སྒོར་ཕེབས། པར་འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་དམག་འཛིན་ཆེ་འབྲིང་གི་གོ་རྟགས་ཐོབ་པའི་དཔོན་དམག་དང་མཉམ་པར་བསྐྱོན་པའི་རྣམ་པ་རེད། 

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུའི་དམག་འཛིན་ཆེ་འབྲིང་གི་གོ་རྟགས་སྤྲོད་པའི་མཛད་སྒོ་ཚེས3ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་བསྡུས།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤྲོད་པའི་མཛད་སྒོར་ཞུགས།

སྔ་དྲོའི་དུས་ཚོད10དང་སྐར་མ30ཙམ་ལ། གོ་གནས་སྤྲོད་པའི་མཛད་སྒོ་བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་མགོ་བརྩམས།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་མིང་གིས་གོ་གནས་སྤྲོད་པའི་མཛད་སྒོར་མགོ་འཛིན་བྱས་ཤིང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་དམག་འཛིན་ཆེ་འབྲིང་གི་གོ་རྟགས་སྤྲོད་པའི་བཀའ་རྒྱ་སྒྲོག་འདོན་བྱས། 

  ཞི་ཅིན་ཕིང་གིས་དམག་འཛིན་ཆེ་འབྲིང་གི་གོ་རྟགས་ཐོབ་པའི་ཀྲུང་དབྱང་དམག་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ། ཀྲུང་དབྱང་དམག་ཨུའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཀྲང་ཧྲུའུ་ཀོང་དང་། མཁའ་དམག་གི་བཀའ་འཛིན་ཝང་ཀང་བཅས་ལ་བཀའ་རྒྱའི་ལག་ཁྱེར་སྤྲད་ནས་རྟེན་འབྲེལ་ཞུས། དམག་འཛིན་ཆེ་འབྲིང་གི་དམག་རྟགས་བཏགས་པའི་དམག་དཔོན་གཉིས་ཀྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུས་ཞུས།  ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། 

གོ་གནས་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་མཇུག་སྒྲིལ་བ་དང་།  དེའི་རྗེས། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་དམག་འཛིན་ཆེ་འབྲིང་གི་གོ་རྟགས་ཐོབ་པའི་དཔོན་དམག་དང་མཉམ་པར་བསྐྱོན།

དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དམག་དཔུང་གི་པེ་ཅིན་དུ་སྡོད་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་གནས་སྤར་བའི་མཛད་སྒོར་ཞུགས། །


热门新闻

热门图库

热门排行