སྲིད་དོན། 详情

ཁུལ་སྲིད་གཞུང་གིས་དཔལ་འབྱོར་འཁོར་སྐྱོད་ཀྱི་དབྱེ་ཞིབ་བཀོད་གཏོང་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས1ཉིན་ཁུལ་སྲིད་གཞུང་གིས་དཔལ་འབྱོར་འཁོར་སྐྱོད་ཀྱི་དབྱེ་ཞིབ་བཀོད་གཏོང་ཚོགས་འདུ་བསྡུས་ནས་མིག་སྔའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།  བརྟན་པོའི་ངང་འཕར་བའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་ཞིང་།  ཁུལ་དཔོན་གཞོན་པ་སོ་སོ་ཚོགས་འདུར་ཞུགས།

ཚོགས་འདུ་ལས་ད་ལོའི་ཚུན་ལ་ཁུལ་ཡོངས་ཀྱིས་ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།   ཐོན་ལས་འཕེལ་རྒྱས་དང་ལས་གཞིའི་འཛུགས་སྐྲུན། འཛད་སྤྱོད་མཐོར་འདེགས། དམངས་ཚིས་འགན་སྲུང་སོགས་གཙོ་གནད་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ཞིང་། མིག་སྔར་དཔལ་འབྱོར་འཁོར་སྐྱོད་ལ་གནོན་ཤུགས་ཅུང་ཆེན་པོ་འཕྲད་ཡོད་པ་དང་། དམིགས་ཚད་གཙོ་བོ་འཕར་ཚད་ཅུང་དམའ་བ་དང་དུས་རིམ་རྗེས་སུ་ལུས་པ། ལས་གཞིར་སྐུལ་འདེད་གཏོང་བར་འགག་གནད་ཡོད་པ་དང་།  ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་མི་འདང་བ། འཛད་སྤྱོད་སླར་གསོའི་ནུས་པ་ཅུང་ཞན་པ།  བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་ལ་སྔར་བཞིན་ཞན་ཆ་ཡོད་པ་སོགས་ཀྱི་གནད་དོན་མཉམ་དུ་གནས་ཡོད་པས། དཔལ་འབྱོར་ཇེ་ལེགས་སུ་འགྲོ་བའི་རྨང་གཞི་ད་དུང་བརྟན་པོ་མེད་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་བརྟན་པོ་དང་དཀའ་ངལ་ལ་གདོང་གཏད་དེ་དངོས་གཉེར་གོ་ཆོད་ཀྱི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་འདུ་ལས་མིག་སྔར་ནི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་འགྲུབ་པར་ནུས་ཤུགས་ཡོད་རྒུ་འདོན་པའི་གནད་འགག་གི་དུས་སྐབས་དང་དུས་སྐབས་ཡག་ཤོས་ཤིག་ཡིན་པས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་གཙོ་གནད་འགག་སྒྲོལ་ལ་འབད་འབུངས་བྱ་དགོས་ཤིང་།  རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།  དཔལ་འབྱོར་འཕེལ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ།  དམིགས་ཡུལ་ཕྱོགས་སུ་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་འདེགས་སྐྱོར་མི་འདང་བ་སོགས་ཀྱི་དཀའ་གནད་སེལ་བ།  དམིགས་ཚད་དོ་མཉམ་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ལས་གཞིའི་སྦྲེལ་ཐག་ཡོངས་ལ་སྐུལ་འདེད་བྱས་ཏེ། རྒྱུ་རྐྱེན་གྱི་འགན་སྲུང་དང་རྗེས་འདེད་བཀོད་གཏོང་གཅིག་གྱུར་སྒོས་དམ་འཛིན་བྱས་ནས། འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། འཆར་འགོད་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས། དངུལ་གཏོང་གི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས། ཐོན་ཁུངས་ཀྱི་དགེ་མཚན་ལ་གཞིགས་ནས། ནུས་ཁུངས་གཙང་མ་དང་སྐྱེ་ལྡན་ཞིང་ཕྱུགས། སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཐོན་ལས་གཙོ་བོ་འཕེལ་རྒྱས་སུ་བཏང་སྟེ། ཚོང་རའི་གཙོ་གཞི་གསོ་སྐྱོང་དང་ཐོན་ལས་ཀྱི་སྦྲེལ་ཐག་རྒྱ་བསྐྱེད་དེ། ལྗང་མདོག་ཐཱན་ཉུང་གི་དེང་རབས་ཐོན་ལས་མ་ལག་ཞིག་མགྱོགས་པོར་བསྐྲུན་དགོས། དུས་ཚིགས་བཟང་པོ་དམ་འཛིན་བྱས་ཏེ། གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་།ཐོན་ཁུངས་ལེགས་སྒྲིག་སྒོས་འཛད་སྤྱོད་ཀྱི་གབ་ཤུགས་སྔོག་འདོན་བྱེད་པ། སྣ་མང་གི་འཛད་སྤྱོད་རྣམ་པ་གསར་སྐྲུན་བྱས་ཏེ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་གཏོད་ནས། ཤང་གྲོང་གི་འཁོར་རྒྱུག་ལམ་བུ་ཤར་གཏོང་བྱས་ཏེ། ནང་མཁོ་རྒྱ་བསྐྱེད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་སྦྲེལ་ཐག་ལ་དམིགས་ནས་གནད་འཁེལ་ཚོང་འགུག་བྱས་ཏེ།  འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཉེན་ཁ་དང་བྱུར་རྐྱེན་སྣ་ཚོགས་ལ་དུས་རྒྱུན་དུ་གྲལ་བཤེར་བཅོས་སྐྱོང་བྱེད་པ་དང་། གནོད་འགོག་གནོད་སེལ་བྱ་བ་ཞིབ་མོར་དམ་འཛིན་བྱས་ནས།བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་མུ་མཐུད་དུ་བརྟན་པོར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ས་གནས་དང་སྡེ་ཁག་སོ་སོས་ཁོངས་གཏོགས་ས་ཁུལ་དང་སྡེ་ཁག་གི་འགན་འཁྲི་འཁུར་ནས། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་བྱ་བ་སོ་སོ་གཟབ་ནན་གྱིས་བསྒྲུབ་སྟེ། ཁུལ་ཡོངས་སུ་གཅིག་མཐུན་གྱི་བསམ་བློ་བརྟན་པོར་འཛུགས་པ་དང་། སྣེ་ཁྲིད་ལས་ཁུངས་ཀྱི་སྤྱི་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། ལས་རིགས་སྡེ་ཁག་དང་ས་ཁུལ་གྱིས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་གཞོགས་འདེགས་གང་ལེགས་བྱས་ཏེ། འགག་སྒྲོལ་གྱི་བྱ་བའི་སྒྲིག་གཞི་ཞིག་མཉམ་དུ་ཆགས་པར་བྱ་དགོས།གཟབ་ནན་གྱིས་ལྟ་ཞིབ་འདྲི་རྩད་བྱས་ཏེ། གདུབ་ཟུམ་ལྟ་ཞིབ་ལམ་ལུགས་བཙུགས་ནས། བྱ་བའི་སྐུལ་འདེད་ནུས་པ་ཞན་ལ་འགན་འཁྲི་ལག་བསྟར་བཟང་པོ་བྱས་མེད་པའི་གནད་དོན་ལ་རྗེས་འདེད་འདྲི་རྩད་ནན་མོ་བྱས་ཏེ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་ལོ་ཧྲིལ་བོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་བླང་བྱ་བཏོན།། 

热门新闻

热门图库

热门排行