རང་ཁུལ་གྱིས་འཕྲལ་བསྟུན་དངོས་ཟོག་གི་སྔོན་གྲབས་བྱ་བ་ལེགས་པར་བསྒྲུབས་པ
ཉེ་ཆར། གསར་འགོད་པས་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་འཕྲལ་བསྟུན་དངོས་ཟོག་གི་སྔོན་གྲབས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་གྱི་འཕྲལ་བསྟུན་གྲ་སྒྲིག་གི་བྱ་བར་ལེགས་པར་བསྒྲུབས།
སྔོན་འགོག་དང་ཐག་གཅོད་གཅིག་གྱུར་སྐུལ་འདེད་གཏོང་བའི་རྩ་དོན་ལྟར། རིམ་བགོས་གསོག་འཇོག་དང་ཡུལ་དངོས་འགན་སྲུང་། མགྱོགས་མྱུར་དང་ལེན་གྱི་དེང་རབས་ཅན་གྱི་འཕྲལ་བསྟུན་དངོས་ཟོག་འགན་སྲུང་མ་ལག་གང་མགྱོགས་སྒོས་བཙུགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྫོང་ཁག་སོ་སོ་དང་། ཤང་དང་གྲོང་བརྡལ། སྡེ་ཁུལ་བཅས་ཀྱི་ས་བབ་དང་གནོད་འཚེའི་ཉེན་ཁའི་རིགས། གཏན་སྡོད་མི་འབོར་ཁྱབ་ཚུལ་སོགས་ལྟེ་བའི་རྒྱུ་རྐྱེན་གཅིག་གྱུར་འཆར་འགོད་བྱས་ནས། སྦྲ་གུར་དང་ཉལ་ཁྲི། བརླན་འགོག་གདན། འཕྲལ་བསྟུན་གློག་སྒྲོན་སོགས་འཕྲལ་བསྟུན་རྒུད་སྐྱོབ་དངོས་ཟོག་གནད་འཁེལ་ངང་བཀོད་སྒྲིག་བྱས་ཏེ། གནས་སྐབས་བཀོད་སྒྲིག་དང་ཉེན་སེལ་རོགས་སྐྱོབ། ཉེན་གཡོལ་གནས་སྤོ་ཁུལ་བཅས་ཀྱི་ཡུལ་དངོས་གཙོ་བོའི་དགོས་མཁོ་བསྐངས།
མིག་སྔའི་བར། མཚོ་ལྷོ་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་རྫོང5དང་གཙོ་གནད་ཤང་གྲོང4། དེ་མིན་སྡེ་ཁུལ1བཅས་ལ་སྔོན་གྲབས་ཉེན་སེལ་རོགས་སྐྱོབ་དང་དམངས་ཚིས་རོགས་སྐྱོབ་རིགས་ཀྱི་འཕྲལ་བསྟུན་དངོས་ཟོག་རིགས51གི་དངོས་པོ33646དང་། རྫོང་ལྔའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཤང་གྲོང36གི་སྡེ་བ201དང་སྡེ་ཁུལ4ལ་སྔོན་གྲབས་ཉེན་སེལ་དངོས་ཟོག་རིགས37གྱི་དངོས་པོ27042ཉེན་ཁ་ཆེ་བའི་ས་ཁོངས་དང་མི་ཚོགས་མང་བའི་ས་ཁོངས་ཀྱི་འཕྲལ་བསྟུན་གསོག་འཇོག་ཡུལ་དངོས་སུ་བསྐྱལ་ཡོད།
དེ་དང་ཆབས་ཅིག བརྒྱུད་རིམ་ཧྲིལ་པོའི་དངོས་ཟོག་དོ་དམ་གྱི་རྩིས་ཐོ་འཐུས་ཚང་དུ་བཏང་སྟེ། ཁོངས་གཏོགས་ས་ཆའི་ཉར་ཚགས་ཀྱི་འགན་འཁྲི་དང་ཚད་ལྡན་ཅན་གྱི་གསོག་འཇོག་གི་དགོས་མཁོ། བྲེལ་མྱུར་གཏོང་སྤྲོད་ཐག་གཅོད་ཀྱི་བརྒྱུད་རིམ་བཅས་ཁ་གསལ་དུ་བཟོས་ཏེ། དངོས་ཟོག་གི་ཁ་གྲངས་དང་གནས་ཚུལ། གཏོང་སྤྲོད་མགྱོགས་པོ་ཡོང་བ་བཅས་བྱས་ཤིང་། སྔོན་གྲབས་དངོས་ཟོག་ཁག་འགག་རྩའི་དུས་སུ་གཏོང་སྤྲོད་ཐུབ་པ་དང་སྤྱོད་ཐུབ་པར་འགན་ལེན་བྱས་ཏེ། གནོད་འགོག་གནོད་སེལ་གྱི་འགན་སྲུང་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད།