སྲིད་དོན། 详情

ཀྲུང་གོ་ཐའེ་པའོ་ལུས་རྩལ་སྤྱི་གླིང་གི་སྒོ་འབྱེད་དང་ཉེན་སྲུང་གི་ཞལ་འདེབས་མཛད་སྒོ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས2ཉིན། ཀྲུང་གོའི་ཐའེ་པའོ་ལུས་རྩལ་སྤྱི་གླིང་ལེགས་འགྲུབ་བྱུང་ནས་སྤྱོད་མགོ་བརྩམས་པ་དང་ཀྲུང་གོའི་ཐའེ་པའོ་གཙང་གསུམ་འབྱུང་ཡུལ་ལྗང་མདོག་ཉེན་སྲུང་ཞལ་འདེབས་མཛད་སྒོ་གུང་ཧོ་རྫོང་ཐའེ་པའོ་ལུས་རྩལ་སྤྱི་གླིང་ནས་བསྡུས་ཤིང་། ཀྲུང་གོ་ཐའེ་པའོ་ཡིས་སྤྱི་ཕན་སྤྱི་གླིང་བསྐྲུན་པ་དང་ཉེན་སྲུང་གིས་མཐུན་རྐྱེན་བསྐྲུན་པའི་བྱེད་ཐབས་སྤྱད་དེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་རམ་འདེགས་བྱས་ནས་མཐོ་སྒང་གི་དམངས་ཚིས་འཕེལ་རྒྱས་ལ་ཕན་བདེ་བསྐྲུན།

D47E88B50E37CE000045215BDA58EC93.JPG

 བྱ་འགུལ་སྤེལ་བའི་ཡུལ་དངོས་སུ། གུང་ཧོའི་སློབ་ཆུང་གཉིས་པའི་དགེ་སློབ་དང་ཐའེ་པའོ་མཚོ་ལྷོའི་ལས་བྱེད་མི་སྣ་ཚོས་ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་བྱས་ཏེ། སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད་ནས་བྱ་འགུལ་སྤེལ་མགོ་བརྩམས་པ་རེད། མཛད་སྒོའི་ཁྲོད་ཀྲུང་གོའི་ཐའེ་པའོ་ཡིས་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ལ་སྒོར་ཁྲི100ཡི་ལྗང་མདོག་ཉེན་སྲུང་གི་ཞལ་འདེབས་ཕུལ་བ་རེད། གནའ་སྡོང་གྲགས་ཅན་གྱི་ཉེན་སྲུང་དང་ནགས་རའི་ཕྱོགས་བསྡུས་ཉེན་སྲུང་། ཁོར་སྲུང་པའི་ཆེད་གཏོགས་ཉེན་སྲུང་སོགས་སྣ་མང་འདུས་པས། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོར་བཏང་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་གཞི་རིམ་དམངས་ཚིས་ཉེན་ཁའི་འགོག་སྲུང་ལ་ཁག་ཐེག་བྱས། ས་གནས་གཉིས་ཀྱི་འཐུས་མི་ཚོས་ཞལ་འདེབས་བྱང་བུ་སྤྲོད་པ་དང་ཕན་ཚུན་ལ་ཞལ་འདེབས་ཕུལ་བའི་སྤྱི་ཕན་ལག་ཁྱེར་སྤྲད་དེ། ཐེངས་འདིའི་སྦྲེལ་མཐུད་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་།

བྱ་འགུལ་གྱི་མཇུག་ཏུ་མགོ་ཁྲིད་དང་སྐུ་མགྲོན་རྣམས་ཀྱིས་མཉམ་དུ་གུང་ཧོ་རྫོང་ཀྲུང་གོ་ཐའེ་པའོ་ལུས་རྩལ་སྤྱི་གླིང་ལེགས་འགྲུབ་བྱུང་ནས་དངོས་སུ་སྤྱོད་མགོ་བརྩམས་པ་ཁྱབ་སྒྲོག་བྱས། སྤྱི་གླིང་འདི་ནི་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་བསྐྲུན་པའི་དམངས་ཕན་ལས་གཞི་ཞིག་ཡིན་ལ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཡོངས་ལུས་སྦྱོང་མཉམ་འདྲེས་ཀྱི་ལག་ལེན་རྟེན་གཞི་ཞིག་ཀྱང་ཡིན་པས། ས་གནས་མང་ཚོགས་ལ་སྤུས་ལེགས་ཀྱི་སྤྲོ་གསེང་ལུས་སྦྱོང་གི་སྤྱི་བའི་ས་ཁུལ་མཁོ་འདོན་བྱས་ནས། གྲོང་ཁྱེར་གྱི་དམངས་ཚིས་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ་རེད།།


热门新闻

热门图库

热门排行