གནད་བསྡུས། 详情

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས།

2026-07-02 15:29:09 来源: 作者: 编辑:བུ་མོ་མཆོག

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་གཟེངས་རྟགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་། ཁོང་གིས། ལོ105རིང་། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཐོག་མའི་དམ་བཅའ་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། འབད་འཐབ་ལྷོད་མེད་བྱེད་པའི་ཁྲོད་ལོ་རྒྱུས་དེབ་ཐེར་ལ་འགོད་འོས་པའི་གྲུབ་འབྲས་རླབས་ཆེན་བླངས་ཡོད། འཐབ་ལམ་གསར་པའི་ལམ་ཁར། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིད་ཆེས་བརྟན་པོར་བཅང་བ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་བསྐྲུན་ཡོད་ཅེས་ནན་གྱིས་བསྟན།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་ཆུ་ཚོད་དགུ་པ་ཡས་མས་སུ། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཚོ་མཉམ་དུ་སྐུ་མགྲོན་བསུ་ལེན་རླངས་འཁོར་ལ་བསྡད་དེ། སྐུ་མགྲོན་བསུ་ལེན་འཕྲུལ་རྟའི་རུ་ཁག་གི་སྲུང་སྐྱོང་འོག་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ། གུས་དམག་ལམ་གྱི་གཞོགས་གཉིས་སུ་ལངས་ཞིང་། ན་གཞོན་ལོ་ཆུང་ཚོས་ཁོང་ཚོ་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་འབོད་བྱས། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཚོ་ས་གདན་དམར་པོའི་སྐས་རིམ་བརྒྱུད་ནས་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཀྱིས་གནས་དེར་མཉམ་དུ་ཁོང་ཚོར་ཕེབས་བསུ་ཞུས།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་གྱི་རྣམ་པར་གཟབ་རྒྱས་མངོན་ཞིང་སྤྲོ་སེམས་ཀྱིས་ཁེངས།

ཆུ་ཚོད10པའི་སྟེང་། ལི་ཆང་གིས་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་པར་ཁྱབ་བསྒྲགས་གནང་། ཚང་མ་ཡར་ལངས་ནས་སྐད་གསེང་མཐོན་པོས་རྒྱལ་གླུ་བླངས།

ཚའེ་ཆི་ཡིས་ཀྲུང་གུང་ཀྲུང་དབྱང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་ཆོད་དོན་སྒྲོག་འདོན་གནང་། ཆོད་དོན་ལས།  དུས་ཡུན་རིང་པོར་གཞི་རིམ་དུ་གཞི་ཚུགས་ཏེ། ཏང་གི་ཆེད་དུ་བྱ་བ་བསྒྲུབས་པ་དང་། མི་དམངས་ལ་ཞབས་འདེགས་ཞུས་པ། བྱས་རྗེས་མངོན་གསལ་བཞག་པའི་བྱས་རྗེས་ཅན་གྱི་དཔེ་བཟང་ཏང་ཡོན་ལ་གཟེངས་བསྟོད་གཟབ་རྒྱས་བྱེད་པ་དང་། ཏང་ཡོངས་ཀྱིས་ཐོག་མའི་དམ་བཅའ་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་བ། ངར་སེམས་ཆེར་སྐྱེད་དང་བློ་སྤོབས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་ཆེད། ཏང་ཀྲུང་དབྱང་གིས་བློ་མཐུན་མ་ཧྲན་ཞང་དང་། ཝང་ཡུས་ཁྲང་། ལི་ལེན་ཁྲེང་། ཝུའུ་ཧ་སི་སུའུ་ལའེ་མན། ཝུའུ་ཡ་ཆིན། ཁྲེན་ཅུན་ཝུའུ། ཀྲའོ་ཡ་ཧྥུ། ཀྲུང་ཅུའེ་བཅས་ལ་བདུན་གཅིག་བྱས་རྗེས་གཟེངས་རྟགས་སྤྲོད་རྒྱུ་ཡིན་པར་ཐག་བཅད་པ་ཡིན་པར་བསྟན།

དར་ཆ་སྒྲེང་མཁན་གཉིས་ཀྱིས་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ཞིང་། གུས་དམག་གཅིག་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་འཁྱེར་ནས། རྔམ་བརྗིད་ལྡན་པའི་གོམ་སྟབས་སྤོ་ཞོར་མཛད་སྒོའི་ཡུལ་དངོས་སུ་ཐོན།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་མཱ་ཧྲན་ཞང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་མཱ་ཧྲན་ཞང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་ཝང་ཡུས་ཁྲང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་ཝང་ཡུས་ཁྲང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལི་ལེན་ཁྲེང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལི་ལེན་ཁྲེང་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཝུའུ་ཧ་སི་སུའུ་ལའེ་མན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཝུའུ་ཧ་སི་སུའུ་ལའེ་མན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཝུའུ་ཡ་ཆིན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཝུའུ་ཡ་ཆིན་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཀྲའོ་ཡ་ཧྥུའུ་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཀྲའོ་ཡ་ཧྥུའུ་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཀྲུང་ཅུའེ་ལ་གཟེངས་རྟགས་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཀྲུང་ཅུའེ་ལ་གཟེངས་རྟགས་གནང་།

མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ་ཞེས་པའི་རྔམ་བརྗིད་ལྡན་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་རེ་རེ་བཞིན་གཟེངས་རྟགས་གནང་བ་དང་། ཁོ་ཚོ་ལ་ཕྱག་འཇུ་གནང་བ་དང་འབྲེལ་རྟེན་འབྲེལ་ཞུས། དེའི་རྗེས། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཚོ་གདན་ཞུ་ལྟར་ཀྲུའུ་ཞིའི་སྟེགས་བུར་བསྡད། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

ཚའེ་ཆི་ཡིས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྒྱལ་ཡོངས་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། རྒྱལ་ཡོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན་སྒྲོག་འདོན་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་ཚབ་ལ་བྱ་དགའ་གནང་བའི་རྣམ་པ་རེད། 

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་ཚབ་ལ་བྱ་དགའ་གནང་བའི་རྣམ་པ་རེད། 

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་ཚབ་ལ་བྱ་དགའ་གནང་བའི་རྣམ་པ་རེད། 

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་ཚབ་ལ་བྱ་དགའ་གནང་བའི་རྣམ་པ་རེད། 

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་ཚབ་ལ་བྱ་དགའ་གནང་བའི་རྣམ་པ་རེད། 

ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་ཚབ་ལ་བྱ་དགའ་གནང་།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་གཟེངས་རྟགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།  ཁོང་གིས། ང་ཚོས་དེ་རིང་འདུ་འཛོམས་གཟབ་རྒྱས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུས་ཤིང་། ང་ཚོའི་ཏང་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་ཐག་རིང་པོ་ལ་ཕྱིར་དྲན་བྱས་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་ལྟ་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས། ཡིད་ཆེས་བརྟན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དམིགས་འབེན་ཆེན་པོའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་སློང་བྱས་ཞེས་བསྟན།

ཞི་ཅིན་ཕིང་གིས་གསུངས་དོན། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་ཡིན། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་དང་། གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན། རྒྱལ་ཡོངས་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། རྒྱལ་ཡོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན།

ཞི་ཅིན་ཕིང་གིས། ལོ105ཡི་སྔོན་ལ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གོ་རྟོགས་སད་པའི་ཁྲོད་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱས་པའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་བབ་བསྟུན་རང་བྱུང་རེད། དུས་དེ་ནས་བཟུང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་ཆེས་བློས་འཁེལ་རུང་བའི་རྟེན་ས་ཡོད་པར་གྱུར་བ་དང་། ནང་རྩོད་ཕྱི་འཁྲུག་དང་དབུལ་ཕོངས་ཉམས་ཞན་དུ་གནས་པའི་ཀྲུང་གོ་རུ་གནམ་ས་བླ་འོག་ཏུ་བརྗེ་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་འགོ་བརྩམས་ཞེས་བསྟན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ105ཡི་རིང་། ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་ཀྱིས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བསྐྲུན།  ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་སྟེང་ཆེས་རྒྱ་ཆེ་བའི་ལོ་རྒྱུས་རིང་མོ་བརྩམས་ཡོད། ལོ་ངོ105ཡི་རིང་འབད་འཐབ་ལྷོད་མེད་བྱས་པས། ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བཏང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་བགྲོད་ལམ་ཡང་དག་བཏོད་ཡོད། མར་ཁེ་སིའི་རིང་ལུགས་ཀྱི་ཚེ་སྲོག་གི་སྟོབས་ཤུགས་ཆེན་མོ་མངོན་པར་བྱས་ཏེ། འཛམ་གླིང་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་དང་སྟོབས་ཆེའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཡོད། ང་ཚོའི་ཏང་ནི་རླབས་ཆེན་དང་གཟི་བརྗིད་ལྡན་པའི་ཏང་ཞིག་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་ངོ105ཡི་འབད་འཐབ་རིང་མུ་ནས་འོད་སྟོང་འཕྲོ་ཐུབ་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་འདེམས་པའི་རྩ་བ་ནི་རང་རེའི་ཏང་ལ་སྲིད་ཏང་དང་ཆབ་སྲིད་སྟོབས་ཤུགས་གཞན་གྱིས་བསྡུར་ཐབས་མེད་པའི་ཕུལ་བྱུང་གི་ཁྱད་ཆོས་ཡོད་པ་དེར་ཐུག   ང་ཚོའི་ཏང་གིས་བློ་སྟོབས་ཆེན་པོས་བདེན་དོན་གཉེར་བ་དང་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་ཡིན། མི་དམངས་ཁྲོད་རྩ་བ་ཚུགས་པ་དང་། ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ཡོད་ལ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་དབང་ཁོང་དུ་ཆུད་པ་བཅས་བྱེད་དགོས། འཕེལ་རྒྱས་དང་བསྟུན་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དགོས། འཐབ་རྩོད་བྱེད་མཁས་པོ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ། རང་ཉིད་སྟོབས་ལྡན་དུ་འགྱུར་བར་དོ་སྣང་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱ་དགོས། ང་ཚོས་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཕུལ་བྱུང་ཁྱད་ཆོས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་བཏང་ནས་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། ནམ་ཡང་གསར་སྐྲུན་བྱེད་ནུས་དང་གོང་བུར་སྒྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཆེན་པོ་ལྡན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་བླང་བྱ་བཏོན། ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱེད་པར་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། བགྲོད་ལམ་གྱི་ཡིད་ཆེས་དང་རིགས་པའི་གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་ཇེ་བརྟན་དུ་གཏོང་དགོས། སྔ་འཛིན་ཕྱི་གཏོད་དང་། བདེན་སྲུང་གསར་གཏོད་བྱས་ཏེ། བགྲོད་ལམ་ཀྱག་ཀྱོག་ལ་མི་སྐྲག་པ་དང་། སྤོབས་པ་ཆེན་པོས་མདུན་སྐྱོད་དང་ལམ་མི་ནོར་བ་བྱེད་དགོས། ངེས་པར་དུ་མི་དམངས་ལ་རྩེ་གཅིག་ཏུ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་དུ་བསྟར་ནས། མི་དམངས་དུང་ཕྱུར་མང་པོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱ་དགོས། “གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་མེད་ཀྱི་སྒོ་ནས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ངེས་པར་དུ་མདུན་སྐྱོད་ཀྱི་བགྲོད་ལམ་ལས་ཉེན་ཁ་དང་འགྲན་སློང་ལ་ཧུར་ཐག་གིས་གདོང་གཏད་དེ། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། མ་མཐའི་ཚད་ཐིག་གི་བསམ་གཞིགས་མཐའ་འཁྱོངས་བྱེད་དགོས། ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་རྩལ་ནུས་ཆེ་རུ་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱ་དགོས། ངེས་པར་དུ་མིའི་རིགས་ཀྱི་ལས་བསྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་དྲང་ནུས་སྔར་ལས་མང་བ་འདོན་དགོས། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱས་ཏེ་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་དམག་འཐབ་མཐའ་གཅིག་ཏུ་ཡག་པོར་བརྒྱབ་ནས། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་གཏོང་དགོས་པ་དང་།  དམག་དཔུང་སྟོབས་ལྡན་དུ་བཏང་ཚེ་གཞི་ནས་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། དམག་འཛུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱས་ནས།  མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་གང་མགྱོགས་སྒོས་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ནང་གནས་བླང་བྱ་ཞིག་རེད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ། ”“ཨའོ་མོན་པས་ཨའོ་མོན་སྐྱོང་བའི”ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་ཁྱོན་ཡོངས་དང་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བྱས་ནས། ཞང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཞང་ཀང་དང་ཨའོ་མོན་སྔར་ལས་ལེགས་པར་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་མཉམ་འདྲེས་བྱེད་པ་དང་དེར་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་ཕྱོགས་ཡོངས་ནས་གཅིག་གྱུར་ཡོང་བར་བྱེད་རྒྱུ་དེ། ང་ཚོའི་ཏང་གི་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ལས་འགན་ཡིན་ལ། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་ཟིན”རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་བར་མཐུན་སྒྲིལ་དང་། འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གསར་པ་ཡིན། ཏང་ཡོངས་ཀྱིས་ན་གཞོན་ལ་མཐོང་ཆེན་དང་། ན་གཞོན་ལ་ཐུགས་ཁུར། ན་གཞོན་ལ་རྒྱབ་སྐྱོར་བཅས་བྱས་ནས་ན་གཞོན་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་ཆ་རྐྱེན་བསྐྲུན་དགོས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་པ། ཕུགས་འདུན་ཆེན་པོ་བཅངས་ནས། དུས་རབས་ཀྱི་ལས་འགན་ལྗིད་པོ་འཁུར་ཕོད་པ་དང་། འཐབ་ལམ་གསར་པའི་སྟེང་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱས་ཏེ། ལང་ཚོའི་ལམ་བུ་འདིང་བ་དང་ཕུགས་བསམ་གྱི་འོད་ཟེར་འཕྲོ་བར་བྱེད་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་གསུངས་རྒྱུར། 

བློ་མཐུན་རྣམ་པ།  གྲོགས་པོ་རྣམ་པ།   ཀྲུང་གོ་གུང་ཁྲན་ཏང་གི་ལོ105ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་མི་རྣམས་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་ང་རྒྱལ་ཁེངས་དྲེགས་དང་མདུན་སྐྱོད་བྱེད་མཚམས་གཏན་ནས་འཇོག་མི་རུང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་དགོས། དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད་ལ། ལོ་རྒྱུས་ཀྱིས་མི་ལ་སྒུག་མི་སྲིད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་ལ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།   འབད་འཐབ་ཀྱི་འཐབ་ལམ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་ལ། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་བསྐྲུན་དགོས།

ལི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ལོ་ངོ105ཡི་རིང་གི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བརྒྱུད་མྱོང་བའི་འོད་སྟོང་འབར་བའི་ལོ་རྒྱུས་དང་གསར་སྐྲུན་བྱས་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་བལྟ་དང་ཕྱོགས་བསྡོམས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་མི་ཆད་པར་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་ཐུབ་པའི་ཕུལ་བྱུང་གི་ཁྱད་ཆོས་གསལ་སྟོན་བྱས་ལ། འཐབ་ལམ་གསར་པའི་སྟེང་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱེད་པར་བླང་བྱ་ཁ་གསལ་བོ་བཏོན་ཞིང་། ཏང་ཡོངས་ལ་ལོ་རྒྱུས་ཀྱི་གྲུབ་འབྲས་གསར་པ་ཧུར་ཐག་གིས་བསྐྲུན་རྒྱུའི་རླབས་ཆེན་གྱི་འབོད་སྐུལ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་བབ་མཐོ་འཕེལ་མགྱོགས་དང་དགོངས་པའི་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་གི་ལས་འགན་གཙོ་བོ་མངོན་འགྱུར་བྱེད་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ནས། གསུང་བཤད་ཀྱི་དགོངས་དོན་དེ་བྱ་བ་སྣ་ཚོགས་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཚོགས་ཐོག་ནས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་གྱི་འཐུས་མི། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཁོན་ཁྲེང་ཆུས་ཁྲང་ཧྲན་ཧྭ་ཡོན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝུའུ་ཡ་ཆིན་གྱིས་གཏམ་བཤད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་ཚབ་དང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་གྱི་གཉེན་ཉེའི་འཐུས་ཚབ་དང་ཁོ་ཚོ་ཡོད་སའི་ལས་ཁུངས་ཀྱི་འཐུས་ཚབ། སྔོན་ཆད་ཀྱི་བྱས་རྗེས་མཚན་སྙན་གྱི་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་ཚབ། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་ཚབ། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་དུ་བྱུང་བའི་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འཐུས་ཚབ། ཀྲུང་གོར་ལས་ཀ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་ཚབ། རྒྱལ་སའི་གཞི་རིམ་ཏང་ཡོན་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་ཚབ་དང་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་འཐུས་ཚབ་པ་སོགས་མི3000ཙམ་ཚོགས་ཆེན་ལ་ཞུགས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་གཞས》ཁྲོད་མཇུག་བསྒྲིལ། 

热门新闻

热门图库

热门排行