གནས་ཚུལ། 详情

2026ལོའི་ཧྭ་ཅི་འོད་སྣང་བྱིས་པའི་ངོ་སྐྱི་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཕན་ལས་གཞིའི་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ།

2026-07-02 15:19:18 来源: 作者:པདྨ་མ་ཚེ་རིང་། 编辑:བུ་མོ་མཆོག

ཉེ་སྔོན2026ལོའི་ཧྭ་ཅི་འོད་སྣང་བྱིས་པའི་ངོ་སྐྱི་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཕན་ལས་གཞིའི་ཞལ་འདེབས་འབུལ་བའི་མཛད་སྒོ་དེ་མཚོ་ལྷོ་ཁུལ་གྱི་ཀོས་ནན་རྫོང་དང་ཁྲི་ཀ་རྫོང་གི་སློབ་ཆུང་གཉིས་སུ་སྔ་རྗེས་སུ་སྤེལ། ཅང་སུའུ་ཡི་ལེ་དབར་སྟོང་ཕྲག་བརྒལ་ནས་མཚོ་ལྷོར་བརྩེ་སེམས་ཕུལ་ཏེ། མཐོ་སྒང་གི་སློབ་བུ་ཚོར་རོགས་སྐྱོར་བྱས་ཤིང་། ཤར་ནུབ་རྒྱུད་མཉམ་ལས་ཀྱི་སྤྱི་ཕན་སྟོབས་ཤུགས་ལ་བརྟེན་ནས་མཐོ་སྒང་གི་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགན་སྲུང་བྱས།

གཞུང་དངོས། ཐེངས་འདིའི་ཧྭ་ཅི་འོད་སྣང་བྱིས་པའི་ངོ་སྐྱི་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཕན་ལས་གཞི་ནི་ཅང་སུའུ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཅང་སུའུ་ཞིང་ཆེན་བུད་མེད་དང་བྱིས་པའི་ཕན་བདེའི་ཐེབས་རྩ་ཚོགས་པས་རྒྱལ་ཁབ་ཀྱི་ཤར་ནུབ་རྒྱུད་ཁ་གཏད་རོགས་སྐྱོར་འབོད་སྐུལ་དང་ལེན་བྱས་ཏེ། ཅང་སུའུ་ཡི་བྱམས་ལྡན་ཁེ་ལས་པ་དང་སྤྱི་ཚོགས་ཀྱི་བྱམས་ལྡན་མི་སྣ་རྩ་འཛུགས་བྱས་ནས་སྤེལ་བའི་གནད་འཁེལརོགས་སྐྱོར་གྱི་འགུལ་སྐྱོད་ཅིག་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྤྱི་ཕན་ཞལ་འདེབས་དངོས་ཟོག་ཕུན་སུམ་ཚོགས་ལ་ཁེབས་རྒྱ་ཆེ་སྟེ་རིན་ཐང་ལ་སྒོར་ཁྲི225.3ཡིན་པའི་སློབ་ཞུགས་རོགས་དངུལ་དང་དགུན་ལྭ། སློབ་སྦྱོང་གི་མཁོ་ཆས། འཚམས་འདྲིའི་མ་དངུལ།  དེ་མིན་ཆེད་གཏོགས་མཐོ་སྒང་བྱིས་པའི་ངོ་སྣུམ་སོགས་ཞལ་འདེབས་དངོས་ཟོག་སྣ་ཚོགས་འདུས་པས་མཐོ་སྒང་གི་སློབ་བུ་ཚོའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན། སྐྱི་པགས་ཀྱི་བདེ་ཐང་། ཁྱིམ་ཚང་གི་ཁུར་པོ་བཅས་ལ་ཕྱོགས་ཡོངས་ནས་རོགས་རམ་བྱས་ཡོད།

གཞུང་དངོས། ཡུལ་དངོས་སུ་སློབ་ཞུགས་རོགས་དངུལ་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་། བྱམས་ལྡན་ཚོགས་པས་ཀོས་ནན་རྫོང་སུམ་མདོ་གྲོང་བརྡལ་བཅའ་སྡོད་ལུགས་ཀྱི་སློབ་ཆུང་དང་། ཁྲི་ཀ་རྫོང་རྨ་ཤར་ཤང་ཁྲེ་ཙེ་ཞོལ་མའི་སློབ་ཆུང་གི་དཀའ་ངལ་ཡོད་པའི་བྱིས་པ་ཚོར་སློབ་ཞུགས་རོགས་དངུལ་སྤྲད་དེ། དཀའ་ངལ་ཅན་གྱི་ཁྱིམ་ཚང་གི་གནོན་ཤུགས་སེལ་ནས་བྱིས་པ་ཚོས་བློ་བདེ་བའི་ངང་སློབ་སྦྱོང་བྱེད་ཐུབ་པར་བྱས་ཤིང་། རོགས་སྐྱོར་དངོས་ཟོག་དང་སློབ་སྐྱོར་རོགས་དངུལ་ཐོབ་པའི་བྱིས་པ་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ཡོད།

གཞུང་དངོས། མཛད་སྒོ་མཇུག་སྒྲིལ་རྗེས། བྱམས་ལྡན་ཚོགས་པ་སློབ་རར་བསྐྱོད་ནས་སློབ་མ་རྣམས་དང་དངོས་སུ་ཁ་བརྡ་བྱས་ཏེ། ཁོ་ཚོའི་སློབ་སྦྱོང་གི་འཚོ་བ་དང་ལུས་སེམས་བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཡུལ་དངོས་སུ་སློབ་རའི་སློབ་སྒྲུབ་ཁོར་ཡུག་ལ་བལྟ་ཞིབ་དང་འཚམས་འདྲི་བྱས་ནས། སྤྱི་ཕན་གྱི་ཐོག་མའི་སེམས་འདུན་ལག་ལེན་དུ་བསྟར་བ་དང་བརྩེ་སེམས་ཀྱི་དྲོད་ཁོལ་བརྒྱུད་སྤྲོད་གནང་བ་རེད།

གཞུང་དངོས། ཐེངས་འདིའི་ཧྭ་ཅི་འོད་སྣང་བྱིས་པའི་ངོ་སྐྱི་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཕན་ལས་གཞིའི་ཞལ་འདེབས་ལས་མཐོ་སྒང་གི་སློབ་བུ་ཚོར་དངོས་ཟོག་གི་རོགས་སྐྱོར་བྱས་པ་མ་ཟད། བྱིས་པ་ཚོའི་བྱིས་དུས་ཀྱི་འཚར་ལོངས་ལ་དྲོ་སྐྱིད་དང་སྟོབས་ཤུགས་སྦྱིན་ཡོད། རྗེས་ཕྱོགས་ཅང་སུའུ་དང་མཚོ་སྔོན་ས་གནས་གཉིས་ཀྱིས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཕན་གྱི་བརྩེ་སེམས་ལ་བརྟེན་ནས་མཐོ་སྒང་གི་བྱིས་པ་རྣམས་བདེ་ཐང་གིས་འཚར་ལོངས་ཡོང་བར་འགན་སྲུང་བྱ་རྒྱུ་རེད།


热门新闻

热门图库

热门排行