གནས་ཚུལ། 详情

དབྱི་དབྱང་ཇ་བག་མཚོ་སྔོན་དུ་བསྐྱོད་པའི་བྱ་འགུལ་གུང་ཧོ་རྫོང་ཐེ་གེ་ཤང་དུ་སྤེལ་བ།

ཟླ6པའི་ཚེས29ཉིན། དབྱི་དབྱང་ཇ་བག་མཚོ་སྔོན་དུ་བསྐྱོད་པའི་བྱ་འགུལ་དེ་གུང་ཧོ་རྫོང་ཐེ་གེ་ཤང་དུ་སྤེལ་ཞིང་། ཧུའུ་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། དབྱི་དབྱང་གྲོང་ཁྱེར་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དབྱི་དབྱང་ཇ་བག་བཟོ་གྲྭ་དང་། པའེ་ཧྲ་ཞིས་ཇ་བག་བཟོ་གྲྭ་སོགས་ཇའི་ཁེ་ལས་ཀྱི་འཐུས་མིའི་སྣེ་ཁྲིད་ནས། ཧྥུའུ་ཡི་འདུས་ཚད་ཉུང་བའི་ཇ་གྲོང་གསེབ་ལ་ཁྱབ་གདལ་དུ་གཏོང་བའི་དམངས་ཕན་བྱ་འགུལ་སྤེལ་བ་དང་། ཇ་མངར་མོ་འབྲེལ་ཐག་བྱས་ནས་ལེ་དབར་སྟོང་གི་ཧུའུ་ནན་དང་མཚོ་སྔོན་བར་གྱི་མཛའ་བརྩེ་འབྲེལ་བ་ཟབ་མོ་བཙུགས་ནས། ས་གནས་གཉིས་ཀྱི་ཐོན་ཁུངས་ཕན་ཚུན་སྤེལ་རེས་དང་། ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པ།དམངས་སེམས་གཅིག་ཏུ་བསྒྲིལ་བ་བཅས་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ་ལས་བྱེད་མི་སྣས་རོང་འབྲོག་མང་ཚོགས་ལ་བདེ་ཐང་ཇ་འཐུང་བའི་ཆེད་དོན་ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་བྱ་འགུལ་སྤེལ་ནས། གོ་བདེ་བའི་སྐད་ཆའི་ལམ་ནས་མཐའ་མཚམས་ས་ཁུལ་ལ་མཁོ་སྤྲོད་བྱེད་པའི་ཧྥུའུ་ཡི་འདུས་ཚད་ཉུང་བའི་ཇའི་བདེ་འཇགས་ཤེས་བྱ་འགྲེལ་བཤད་བྱས་ཏེ། ལྗང་མདོག་དང་བདེ་ཐང་། ཚན་རིག་བཅས་ཀྱི་ཇ་འཐུང་བའི་གོམས་གཤིས་ཆགས་པར་བྱས། བྱ་འགུལ་ཁྲོད། རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་མི་སྣ130ལ་སྤུས་ལེགས་མཐའ་མཚམས་ས་ཁུལ་ལ་མཁོ་སྤྲོད་བྱེད་པའི་ཧྥུའུ་ཡི་འདུས་ཚད་ཉུང་བའི་ཇ་བག280མང་ཚོགས་ཀྱི་ལག་ཏུ་སྤྲད། དེ་དང་ཆབས་ཅིག་རོང་འབྲོག་ཁྱིམ་ཚང2ལ་འཚམས་འདྲི་བྱས་ཏེ་ཁོ་ཚོ་དང་ལྷན་དུ་བསྡད་ནས་ཉིན་རྒྱུན་གྱི་འཚོ་བའི་བདེ་སྡུག་སྐོར་ཁ་བརྡ་བྱས་ཏེ་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་དང་དུས་རྒྱུན་གྱི་ཇ་འཐུང་བའི་དགོས་མཁོར་རྒྱུས་ལོན་བྱས།

བྱ་འགུལ་སྐབས་སུ་རྟོག་ཞིབ་རུ་ཁག་གིས་ཁུལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་དུ་ལྟ་སྦྱོང་བྱས་ནས། མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་བླངས་པའི་གྲུབ་འབྲས་དང་མི་རིགས་སོ་སོའི་བར་འབྲེལ་འདྲིས་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་རེད།


热门新闻

热门图库

热门排行