མཚོ་ལྷོ་ཁུལ་གྱི་དཔྱ་ཁྲལ་ལས་ཁུངས་ཀྱིས་བདུན་གཅིག་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ་བ།


ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་ཆེད། ཟླ་7པའི་ཚེས1ཉིན། མཚོ་ལྷོ་ཁུལ་དཔྱ་ཁྲལ་ཅུའུ་དང་རྫོང་སོ་སོའི་དཔྱ་ཁྲལ་ཅུའུ་ཡིས་བདུན་གཅིག་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གསར་བརྗེ་ཡི་སྙིང་སྟོབངས་རྒྱུན་འཛིན་དང་འགན་འཁྲི་འཁུར་སེམས་ཤུགས་ཆེར་གཏོང་བར་སྣེ་ཁྲིད་བྱས་ཏེ། ལས་དོན་གསར་གཏོད་ལ་ནུས་པ་འཕེལ་བར་སྐུལ་སློང་བྱས། པར་འདི་ནི་ཏང་ཡོན་ཡོངས་དང་ན་གཞོན་འཐུས་ཚབ་པ་རྣམས་ཀྱིས་མཉམ་དུ་《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་05ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན》ལ་བལྟས་ནས། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་རླབས་ཆེན་གྱི་གྲུབ་འབྲས་ལ་མྱོང་བ་ཟབ་མོ་ལེན་བཞིན་པའི་གནས་ཚུལ་རེད།