དོན་གྲུབ་ཀྱིས་ཏང་ཡོན་རྒན་པ་དང་ཚེ་ལས་འདས་པའི་དམག་མིའི་ཁྱིམ་མིར་འཚམས་འདྲི་གནང་།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པའི་སྐབས་ཏེ། ཟླ6པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཁྲི་ཀ་རྫོང་དུ་ཕྱིན་ནས། ཏང་ཡོན་རྒན་པ་དང་ཚེ་ལས་འདས་པའི་དམག་མིའི་ཁྱིམ་མིར་འཚམས་འདྲི་བྱས་ཏེ། ཁོ་ཚོར་རྩ་འཛུགས་ཀྱི་ཐུགས་ཁུར་བསྐྱལ་བ་མ་ཟད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ཏང་གི་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

དོན་གྲུབ་ཐིའེ་ཅན་ཕིང་གི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས་པ་དང་། རྒན་པའི་ལུས་ཕུང་བདེ་ཐང་དང་ཁྱིམ་ཚང་གི་གནས་ཚུལ་ཞིབ་ཏུ་དྲིས་ཤིང་། རྒན་པས་རང་གི་གཅེས་ཕྲུག་དབྱང་ཙེང་ཁྲའོ་ཡིས་དམག་སྒར་དུ་དམག་ཞབས་བྱེད་སྐབས་ཀྱི་བྱས་རྗེས་གླེང་བར་ནན་ཏན་གྱིས་ཉན་ཏེ། ཁོང་གིས་རང་སྲོག་བློས་བཏང་བ་དང་བྱས་རྗེས་བཞག་པར་སྙིང་ཐག་པ་ནས་གུས་བཀུར་བྱས་པ་དང་ཁྱིམ་མིར་སེམས་གཏིང་ནས་འཚམས་འདྲི་ཞུས། དོན་གྲུབ་ཀྱིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་གཟིགས་སྐྱོང་བྱ་ཡུལ་གྱི་བདེ་སྡུག་ཡིད་ལ་བཅངས་ནས། དུས་རྒྱུན་དུ་འཚམས་འདྲི་དང་འབྲེལ་གཏུག་བྱས་ཏེ། ཁོ་ཚོའི་འཚོ་བའི་གནས་ཚུལ་དང་དགོས་མཁོར་རྒྱུས་ལོན་བྱས་ནས་དུས་ཐོག་ཏུ་དཀའ་ཁག་ཐག་གཅོད་བྱས་ཏེ། དམག་མིར་བཀུར་བཟོ་ཐོབ་པ་དང་ཁྱིམ་མིར་གཟི་བརྗིད་ལྡན་པའི་སྤྱི་ཚོགས་ཀྱི་རྣམ་པ་སྔར་ལས་བཟང་པོ་ཞིག་ཆགས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན།

དགུང་ལོ87ལ་སོན་ཞིང་ཏང་ནང་ཞུགས་ནས50ལྷག་འགོར་བའི་ཏང་ཡོན་རྒན་པ་བློ་མཐུན་རིན་ཆེན་རྣམ་རྒྱལ་གྱི་ཁྱིམ་དུ། དོན་གྲུབ་ཀྱིས་ཁོང་ལ་ཏང་ནང་ཞུགས་ནས་ལོ་འཁོར50ལོན་པའི་གཟི་བརྗིད་ཀྱི་རྗེས་དྲན་རྟགས་མ་བཏགས། དེའི་རྗེས་སུ། དོན་གྲུབ་ཏང་ཡོན་རྒན་པ་དང་ལྷན་དུ་བསྡད་ནས་སྔོན་ཆད་འབད་འཐབ་བྱས་པའི་ལོ་རྒྱུས་གླེང་བར་ནན་ཏན་གྱིས་ཉན་པ་དང་། ཁོང་གི་ཁྱིམ་མི་དང་སྙིང་ཉེ་བོའི་སྒོ་ནས་གླེང་མོལ་བྱས་ཏེ། ཉིན་རྒྱུན་གྱི་འཚོ་བ་དང་འཕྲོད་བསྟེན་བདག་སྐྱོང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། གྱེས་ཁར་དོན་གྲུབ་ཀྱིས་བློ་མཐུན་རྒན་པར་ལུས་ཕུང་ལ་བདག་སྐྱོང་གནང་རྒྱུའི་མངགས་བཅོལ་ནན་མོ་གནང་བ་མ་ཟད། སྐུ་ཚེ་རིང་བའི་སྨོན་འདུན་ཞུས། ཁོང་གིས་ད་དུང་ཏང་ཡོན་རྒན་པ་རྣམས་ཀྱིས་རང་གི་ཉམས་མྱོང་དང་མཚན་སྙན་གྱི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་བྱས་ནས། སྔར་བཞིན་ཏང་དང་སྲིད་གཞུང་གི་ལས་དོན་སོ་སོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་དང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁྲོད་མུ་མཐུད་དུ་ནུས་པ་འདོན་རྒྱུའི་རེ་བ་བཏོན།
ཁུལ་གྱི་མགོ་ཁྲིད་ཁྲེ་ཞང་ཞན་བྱ་འགུལ་ཁྲོད་ཞུགས།