གནད་བསྡུས། 详情

ཞུང་ཡོན་ལའེ་ཡིས་བདུན་གཅིག་སྔོན་ལ་འཚམས་འདྲིའི་བྱ་འགུལ་སྤེལ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་སྐབས་ཏེ་ཟླ6པའི་ཚེས30ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་གུང་ཧོ་རྫོང་ས་གྲུ་བཞི་ཤང་དང་ཆབ་ཆ་གྲོང་བརྡལ་དུ་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པར་འཚམས་འདྲི་གནང་བར་སོང་ནས། ཁོང་ཚོར་ཏང་གི་ཐུགས་ཁུར་དང་དྲོད་ཁོལ་གནང་བར་མ་ཟད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ཏང་གི་བྱ་བ་སྒྲུབ་མཁན་ལ་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།  

640 (2)副本.png

གཞུང་དངོས།  ཞུང་ཡོན་ལའེ་ཏང་ནང་ཞུགས་ནས་ལོ58ལོན་པ་དང་ལོ་ན78ལ་སླེབས་པའི་ཏང་ཡོན་རྒན་པ་ཧྲེན་ཡན་ཚའེ་ཡི་ཁྱིམ་དུ་སོང་ནས་རྒྱུན་ལྡན་འཚོ་བའི་ཐད་ནས་གླེང་མོལ་བྱས་ཏེ། རྒན་པའི་ལུས་པོ་བདེ་ཐང་དང་ཁྱིམ་ཚང་གི་ཡོང་འབབ་དེ་མིན་བུ་ཕྲུག་གི་འཚོ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་འབྲེལ་ཁོང་ལ་དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད།  རྒན་པ་ཁོང་ནི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་གི་ཁོངས་མི་ཡིན་པ་དང་སྔར་བཞིན་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ།  སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་བའི་གནས་ཚུལ་ཐོས་རྗེས་ཞུང་ཡོན་ལའེ་ཧ་ཅང་དགའ་པོ་བྱུང་ཞིང་།  རྒན་པ་ཁོང་ལ་ལུས་པོར་བདག་སྐྱོང་དང་སྤྲོ་སྣང་གི་སེམས་ཁམས་རྒྱུན་འཁྱོངས་བྱས་ཏེ་ལུས་ཁམས་གསོ་བ་དང་ཆབས་ཅིག་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་དོ་ཁུར་མང་ཙམ་བྱས་ནས་སློབ་མ་སྔར་བས་མང་བ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་རོགས་རམ་བྱེད་དགོས་པའི་བཅོལ་གདམས་བྱས།

        ལས་བྱེད་པ་རྒན་པ་རྡོ་རྗེ་ཐར་གྱི་ཁྱིམ་དུ་ཞུང་ཡོན་ལའེ་ཡིས་ཁོང་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་རྒྱུན་ལྡན་གྱི་འཚོ་བ་དང་བདེ་ཐང་གི་གནས་ཚུལ།  སྨན་བཅོས་འགན་ལེན་དེ་མིན་འཕྲད་པའི་དཀའ་ངལ་བཅས་ལ་རྒྱུན་ལོན་བྱས་པ་དང་།  རྒན་པ་ཁོང་གི་ལས་ཀའི་འབད་འཐབ་ཀྱི་མྱོང་བར་གསན་རྗེས་ཁོང་གིས་མཚོ་ལྷོའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཆེད་དུ་ཕུལ་བའི་བྱས་རྗེས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་ཤིང་།  ཁོས་ལས་བྱེད་པ་རྒན་པ་མིག་དཔེར་བྱས་ཏེ་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་དང་དམངས་འཚོར་ཞབས་འདེགས་ཞུ་བའི་འཐབ་ས་དང་པོར་གཞི་ཚུགས་ཏེ།  དངོས་སྒྲུབ་གཙིགས་འཛིན་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་མཚོ་ལྷོའི་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་འཇོག་དགོས་ཞེས་བརྗོད།

640 (3)副本.png

ཞུང་ཡོན་ལའེ་ཡིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ། བརྩེ་སེམས་འཆང་བ་དང་འགན་འཁྲི་འཁུར་ནས་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ལ་སེམས་ཁུར་དང་ཞབས་འདེགས་ཞུ་བའི་བྱ་བ་ལེགས་པོ་སྒྲུབ་པ།སེམས་ཤུགས་ཡོད་རྒུས་བརྩེ་སེམས་ལ་བརྟེན་ནས་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་ཏེ།ཁོང་ཚོར་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོད་ཁོལ་ཚོར་ཐུབ་པ་བྱ་དགོས། ཅན་བཅུའི་ཏང་འཛུགས་རྒྱུན་མཐུད་ངང་གོ་བ་གཏིང་ཟབ་ལེན་པ་དང་།དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ།མང་ཚོགས་ཀྱི་གནད་དོན་ཐད་ཀྱི་དགོས་མཁོར་དམིགས་ནས།ཆེད་དོན་ལས་དོན་ཚན་ཆུང་ཁག་གི་ཞིབ་ཕྲའི་བྱ་བ་དོན་འཁྱོལ་བྱས་ནས།ཁྲིད་སྟོན་དང་ལྟ་སྐུལ་མཛུབ་ཁྲིད་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ཏེ།མང་ཚོགས་ཀྱིས་ཏང་འཛུགས་སྐྱོང་ལས་བྱུང་བའི་འགྱུར་ལྡོག་དང་ཕན་འབྲས་དངོས་ཚོར་ཐུབ་པ་བྱ་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཅུན་ལུའུ་དང་ཏེང་ཧྲེང་ཕེང་འཚམས་འདྲིའི་བྱ་འགུལ་ལ་ཞུགས།


热门新闻

热门图库

热门排行