ཏང་འཛུགས། 详情

ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས30ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། ཚོགས་འདུ་ལས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་མིག་དཔེར་སློབ་སྦྱོང་དང་དངོས་སྒྲུབ་འགན་འཁུར་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་གྲུབ་འབྲས་གསར་པ་ལེན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་ལྕག་སྐུལ་གནང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

640.png

ཚོགས་འདུ་ལས<<ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས>>སྒྲོག་འདོན་བྱས་ནས་ཁུལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་མིར་གཟེངས་རྟགས་དང་དཔང་ཡིག་གནང་བར་མ་ཟད། ཏང་ནང་དུ་ཞུགས་ནས་ལོ་ངོ50ལོན་པའི་ཏང་ཡོན་རྒན་པར་རྗེས་དྲན་རྟགས་མ་གནང་བ་དང་། གཟེངས་བསྟོད་ཐོབ་པའི་འཐུས་མི་གཉིས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་ཚབ་བྱས་ཏེ་ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུས་པ་མ་ཟད། ཁུལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་གི་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས། ཁོས་ང་ཚོའི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་བརྗིད་ཉམས་ལྡན་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལམ་ཕྱོགས་དེ་སྲོག་རྩ་དང་གཞི་རྩའི་བྱ་བའི་ལམ་ཕྱོགས་སུ་བཟུང་སྟེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ངང་སྣེ་ཁྲིད་ནས་དཀའ་ངལ་ཁྱད་སེལ་དང་འབད་འབུངས་ལྷོད་མེད་སྒོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་འབྱུང་བར་སྐུལ་འདེད་བྱས་ཏེ།འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་རླབས་ཆེན་གྲུབ་འབྲས་ཤིག་བླངས་ཡོད་པས། སྟོབས་ལྡན་གྱི་གཞི་རིམ་ཏང་རྩ་འཛུགས་དང་ལྷག་བསམ་ཟོལ་མེད་ངང་འགན་ཁུར་བའི་ཏང་ཡོན་དཔུང་སྡེ་ནི་ང་ཚོས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་དེ་ལས་སྒྲུབ་ཀྱི་རྣམ་པ་གསར་པ་བསྐྲུན་པའི་གཞི་རྩའི་ཁག་ཐེག་ཡིན་པ་ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་བསྟན།

ཞུང་ཡོན་ལའེ་ཡིས་ད་ལོ་ནི་ཏང་བཙུགས་ནས་ལོ་འཁོར105འགོར་བ་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པའི་ལོའང་ཡིན་པས། དེ་རིང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་ལེགས་པ་དག་གིས་ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་བཅངས་ནས་གཞི་རིམ་དུ་རྐང་ཚུགས་ཏེ།དངོས་སྒྲུབ་ཀྱི་རྣམ་པས་རླབས་ཆེན་ཏང་འཛུགས་སྙིང་སྟོབས་ལག་ལེན་བྱས་ནས། དུས་རབས་གསར་པའི་མཐོ་སྒང་གི་གུང་ཁྲན་ཏང་མིའི་དམངས་ལ་བློ་དཀར་ཞིང་སྔོན་ཐོན་བརྩོན་ལེན་གྱི་སྣང་བརྙན་བཟང་བོ་མངོན་ཡོད་ལ། མིག་སྔར་ཁུལ་ཡོངས་སུ་ཁྱོན་ཡངས་པའི་གུང་ཧོའི་གཤོང་ས་ལྗང་མདོག་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་བཞིན་པ་མ་ཟད། ཞིང་ཆེན་ཡོངས་འཕེལ་རྒྱས་ཡོང་བའི་འཕར་སྣེ་གསར་པ་ཞིག་ཆགས་པའི་གནད་འགག་གི་དུས་རིམ་ཡང་ཡིན་པས། འགན་འཁྲི་ལྕི་ལ་འོས་འགན་གཟི་བརྗིད་ཆེ་ཞིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སྔོན་ཐོན་དེ་མིག་དཔེ་རུ་བཟུང་ནས། དམ་པ་མཐོང་ན་མིག་ལྟོས་དང་སློབ་བསྡུར་སྙེག་བརྒལ་སྒོས།ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མིག་དཔེའི་སྟོབས་ཤུགས་དེ་དཀའ་ངལ་ཁྱད་སེལ་དང་འབད་འབུངས་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། ཏང་དང་མི་དམངས། དུས་རབས་ལ་ངོ་གནོང་མི་དགོས་པའི་བྱ་བའི་གྲུབ་འབྲས་ཤིག་བསྐྲུན་པར་འབད་པ་བྱས་ཏེ། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཚད་མཐོའི་ངང་འཕེལ་རྒྱས་ཡོང་བའི་རྣམ་པ་གསར་པ་ཞིག་བསྐྲུན་པར་སྐུལ་འདེད་བྱ་དགོས་ཞེས་བསྟན།

640 (1).png

ཞུང་ཡོན་ལའེ་ཡིས་ཐོས་བསམ་མྱོང་རྟོགས་དང་ཤེས་སྤྱོད་ཟུང་འབྲེལ་ཐད་ནས་སྔོན་ལ་བསྐྱོད་དགོས།ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།རྒྱུན་འཁྱོངས་བཅུ་བཞིའི་སྤྱི་དོན་གཙོ་བོར་གོ་བ་ཟབ་མོ་བླངས་ཏེ། རང་འགུལ་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་ཏང་གི་འཛུགས་སྐྲུན་གྱི་བྱ་བ་སོ་སོར་འཆར་འགོད་དང་སྐུལ་འདེད་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་སྔར་ལས་སྟོབས་ལྡན་ཅན་དུ་འཛུགས་སྐྲུན་བྱ་དགོས། མིག་དཔེར་འཛིན་པ་དང་ལྷག་བསམ་རྣམ་དག་གི་ཐད་མིག་དཔེ་སྟོན་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་དེ་གཙོ་བོར་བཞག་སྟེ། ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་གཤིས་རྒྱུད་གསོ་སྐྱོང་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་འདུ་ཤེས་གསལ་བོ་རྒྱུན་འཁྱོངས་སྒོས། གནད་འགག་གི་སྐབས་སུ་རང་རྟོགས་ངང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བྱེད་པ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་བྱ་གཞག་སོ་སོ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། ཁྱོན་ཡོངས་ལ་ཞབས་ཞུ་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐད་གདོང་ལེན་གྱི་ནུས་པ་འདོན་སྤེལ་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བ། རང་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཀོད་སྒྲིག་ལ་བསྟུན་ནས། ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་དམིགས་འབེན་གཏན་འཁེལ་བྱེད་པ། གཙོ་གནད་ལས་འགན་གཅིག་གྱུར་གྱིས་དམ་འཛིན་དང་ནུས་ཤུགས་གང་ཡོད་ཀྱིས་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་དགོས། ཁ་ཕྱོགས་བརྟན་པོར་གཏོང་བ་དང་སྤུས་འདེགས་ནུས་མཐོའི་ཐད་ཀྱི་མིག་དཔེ་སྟོན་དགོས། ཅན་བཅུའི་ཏང་འཛུགས་ཀྱིས་སྤྱི་འདོམས་བྱས་ཏེ། ཆེད་དོན་ལས་དོན་ཚོགས་པ་ཁག་དང་མཉམ་འབྲེལ་མཉམ་སྐྲུན་གྱི་ནུས་པ་འདོན་སྤེལ་གང་ལེགས་སྒོས་མང་ཚོགས་ལ་སྐུལ་སློང་དང་མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས། དུས་རབས་གསར་པའི་ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་དུ་བཅུག་སྟེ། བོད་འབྲེལ་ས་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོར་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་དང་སྐྱེ་ཁམས་སླར་གསོའི་མཐའ་ཚད་སྲུང་བ། དུས་ནམ་ཡང་ཁ་ཕྱོགས་ནན་མོ་སྟོན་པ་དང་བྱེད་ཐབས་ནན་མོ་འདོན་པ། གཟབ་ནན་གྱི་རྣམ་པ་བསྐྲུན་པ་བཅས་བརྟན་པོར་གཏོང་བ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དང་སྤྱོད་ཚུལ་བཞིའི་གནད་དོན་མུ་མཐུད་དུ་ཡོ་བསྲང་བྱས་ནས། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་སྒོས་སྲོད་གཙང་དྲང་གཞག་གི་ཆབ་སྲིད་ཁོར་ཡུག་ཅིག་བསྐྲུན་པར་ནུས་ཤུགས་འདོན་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གྲོས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པ་དང་། ཁུལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་གཟེངས་བསྟོད་ཐོབ་པའི་མི་སྣ་དང་། རྫོང་ཨུ་སོ་སོ་དང་ཁུལ་ཨུའི་པུའུ་ཨུ་སོ་སོ། ཁུལ་ཐད་གཏོགས་སྡེ་ཁག་དང་ལས་ཁུངས་སོ་སོ། ཁུལ་དུ་སྡོད་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཏང་གི་འཐུས་མི་དང་ཏང་ཡོན་རྒན་པ། ལས་བྱེད་རྒན་པའི་འཐུས་མི་བཅས་འཐུས་མི་ཁག་ཅིག་ཚོགས་འདུར་ཞུགས།།


热门新闻

热门图库

热门排行