ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་སྤྲོ་ཚོགས་པེ་ཅིན་དུ་འཚོགས་པ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་སྤྲོ་ཚོགས《མི་དམངས་རྩ་བའི་རྩེ་ལ་འཛིན》ཞེས་པ་པེ་ཅིན་དུ་འཚོགས་པ་དང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཀྱིས་འཁྲབ་སྟོན་ལ་གཟིགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བརྩེ་བས་ཕྱུག་པའི་དབྱངས་ཚན་གྱིས་འོད་སྟོང་འཕྲོ་བའི་འཕེལ་རིམ་ཉིད་ལ་བསྟོད། སྐད་གསངས་མཐོན་པོའི་གླུ་སྒྲ་ཡིས་མི་དམངས་ལོ་རྒྱུས་སྙན་ངག་དབྱངས་སུ་གྱེར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་སྤྲོ་ཚོགས《མི་དམངས་རྩ་བའི་རྩེ་ལ་འཛིན》ཞེས་པ་དེ་ཟླ6པའི་ཚེས29ཉིན་གྱི་དགོང་མོ་པེ་ཅིན་དུ་འཚོགས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་གཟིགས་མོ་བ3000ལྷག་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་གནང་ནས། འོད་སྟོང་འཕྲོ་བའི་དུས་ཆེན་དེར་ལྷན་དུ་རྟེན་འབྲེལ་ཞུས་ཡོད།
མི་དམངས་ཚོགས་ཁང་ཆེན་མོར་གློག་འོད་ཆེམ་ཆེམ་འཕྲོ་ཞིང་དགའ་སྟོན་གྱི་རྣམ་པས་ཡོངས་སུ་ཁེངས། ཆུ་ཚོད19དང་སྐར་མ55ཡི་ཐོག་དགའ་སྤྲོའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་རོལ་དབྱངས་སྤྲོ་ཚོགས་ཀྱི་ཡུལ་དངོས་སུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་སྤྲོ་ཚོགས《མི་དམངས་རྩ་བའི་རྩེ་ལ་འཛིན》ཞེས་པ་པེ་ཅིན་དུ་འཚོགས་པ་དང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་མང་ཚོགས3000ལྷག་གིས་མཉམ་དུ་འཁྲབ་སྟོན་ལ་གཟིགས།
གླུ་ཞིག་བླངས་ནས་ཏང་ལ་འབུལ། ངས་ཏང་ཉིད་ཨ་མ་བརྩི་ཞེས་སྒྲ་དག་ཅིང་གསལ་བའི་བྱིས་པའི་གླུ་གཞས་མཉམ་ལེན་དང་བསྟུན་ནས་རོལ་དབྱངས་སྤྲོ་ཚོགས་མགོ་བརྩམས། འཁྲབ་སྟོན་དེ་དབྱངས་ཚན་ལྔ་ལ་དབྱེ་ཡོད་ཅིང་། རིག་རྩལ་ལས་དོན་པ་ཚོས་ཕུལ་བྱུང་གི་རོལ་ཆ་དཀྲོལ་གཏོང་དང་མི་སེམས་འགུལ་བའི་དབྱངས་རྟར་བརྟེན་ནས། ཏང་ལ་བཅངས་པའི་དགའ་ཞེན་ཚད་མེད་བྱེད་པ་མཚོན་པ་དང་། མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་ངར་སྒྲ་གྲགས་ཡོད།
《དར་དམར་ལ་བསྟོད》ཅེས་པའི་རོལ་དབྱངས་ཀྱི་བརྗིད་ཆེ་བའི་དབྱངས་རྟའི་འགྱུར་ཁུག་གིས་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པ་དང་། འབུད་དཀྲོལ་རོལ་དབྱངས《མེས་པོ་རྣམས་ལ་ཕུལ》ཞེས་པ་དེས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་བ་དང་བླ་ན་མེད་པར་གུད་འདུད་ཞུ་ལུགས་མཚོན་པར་བྱས་པ།《དྭ་ལིས་མེ་ཏོག》དང《ཟླ་བརྒྱད་པར་ཀུའེ་ཧྭ་མེ་ཏོག་གང་སར་བཞད》《རྨ་ཆུར་བསྟོད་གླུ་འབུལ》《བཅིངས་འགྲོལ་ཁུལ་གྱི་ནམ་མཁའ》ཞེས་པས་གསར་བརྗེའི་དམག་འཁྲུག་ལོ་རབས་སུ་དམག་དམངས་བློ་སེམས་གཅིག་མཐུན་དང་ཀུན་སེམས་གཅིག་སྒྲིལ་གྱི་བརྗིད་ཉམས་ལྡན་པའི་རྣམ་པར་བསྐྱར་དྲན་བྱས་ནས། མང་ཚོགས་དུང་ཕྱུར་མང་པོ་ཏང་གི་རྗེས་སུ་འབྲངས་བ་དང་། ཚེ་སྲོག་གསར་པར་བསུ་བ་ཞུ་བའི་དགའ་སྤྲོའི་རྣམ་པ་བརྒྱུད་སྤྲོད་བྱས་ཡོད།《རྟ་ཕོ་ལྕག་གིས་བསྐུལ་ནས་འབྲུ་རིགས་དབོར་བའི་ལས་ལ་བྲེལ》དང་། 《ཕྱེ་ལེབ་ཆུ་མིག་ཉེ་འགྲམ》《གོས་འཁྲུའི་གླུ་གཞས》《ཞིང་ནང་མུ་ཁར་དཔྱིད་དཔལ་བཞད》《ངས་མེས་རྒྱལ་ལ་རྡོ་སྣུམ་འབུལ》《ཉི་འོད་ཐ་ཧྲི་ཁུའར་ཀན་དུ་འཕྲོས》ཞེས་པ་བཅས་ལས་གྲུབ་པའི་འབུད་དཀྲོལ་རོལ་དབྱངས་དང་མཉམ་ལེན་དབྱངས་མཚན《ཚོན་མདངས་བཀྲ་བའི་ཁྱིམ་གཞིས》ཞེས་པས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་སུ་ལས་རིགས་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་ཁྱིམ་གཞིས་བསྐྲུན་པའི་ཚ་ཚ་འུར་འུར་གྱི་རྣམ་པ་མཚོན་པར་བྱས་ཡོད། འབུད་དཀྲོལ་རོལ་དབྱངས་དང་མཉམ་གཞས《རེ་བའི་ཞིང་ས་གཤིན་པོ》ཞེས་པའི་ཕུལ་བྱུང་གླུ་གཞས་རེ་རེའི་ཐོག་ནས་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ཀྲུང་ཧྭ་ས་གཞི་ཆེན་མོའི་ཉིན་བཞིན་གོང་འཕེལ་འགྲོ་བཞིན་པའི་དགའ་འོས་པའི་འགྱུར་ལྡོག་མཚོན་པར་བྱས་པ་དང་། ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱིས་གཅིག་སེམས་གཅིག་སྒྲིལ་གྱིས་ཕུགས་འདུན་དོན་དུ་གཉེར་བའི་བསམ་འདུན་བཟང་པོ་བརྗོད་ཡོད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་སྤྲོ་ཚོགས《མི་དམངས་རྩ་བའི་རྩེ་ལ་འཛིན》ཞེས་པ་པེ་ཅིན་དུ་འཚོགས་པ་དང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་མང་ཚོགས3000ལྷག་གིས་མཉམ་དུ་འཁྲབ་སྟོན་ལ་གཟིགས།
ལོ་ངོ105ཡི་རིང་སྐྱིད་སྡུག་མཉམ་མྱོང་དང་ལོ་ངོ105ཡི་རིང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད། རོལ་དབྱངས་སྤྲོ་ཚོགས་ཧྲིལ་པོ་ནི་སྙན་ཞིང་འཇེབས་ལ་ངོ་མཚར་ཆེ་བའི་རྣམ་པས་ཁེངས། འབུད་དཀྲོལ་རོལ་དབྱངས《རི་ཆུའི་སྤྲོ་གླུ》དང《གཅིག་སེམས་གཅིག་གཏད》ཅེས་པས་དུས་རབས་གསར་པར་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བའི་དར་རྒྱས་ཀྱི་རྣམ་པ་མངོན་པ་དང་། མཉམ་སྒྲོག་མཉམ་གཞས《རི་ཀླུང་བརྩེ་བས་ཕྱུག》ཅེས་པས་བརྩེ་བ་ཟབ་མོའི་སྒོ་ནས་ཁྱིམ་ཞེན་རྒྱལ་ཞེན་བརྒྱུད་སྤྲོད་བྱས་པ། འབུད་དཀྲོལ་རོལ་དབྱངས《མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང》ཞེས་པའི་བརྗིད་ཉམས་ཆེ་བའི་གླུ་སྒྲས་ཚོགས་ར་ཡོངས་ཀྱི་མཐོ་རླབས་འཕྱུར་བར་བྱས་ཡོད། ཚོགས་ར་ཡོངས་སུ་སྐད་གསངས་མཐོན་པོས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་མཉམ་དུ་བླངས་པ་དང་བསྟུན་ནས་རོལ་དབྱངས་སྤྲོ་ཚོགས་མཇུག་འགྲིལ་ཡོད།
པེ་ཅིན་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱིས་རོལ་དབྱངས་སྤྲོ་ཚོགས་ལ་གཟིགས་ཡོད།
རོལ་དབྱངས་སྤྲོ་ཚོགས་ལ་གཟིགས་མཁན་གྲས་སུ། ད་དུང་ཀྲུང་དབྱང་གི་ཏང་སྲིད་དམག་མང་ཚན་པ་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོ་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བྱས་རྗེས་མཚན་སྙན་དང་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་མི། ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། ཀྲུང་གོར་ལས་ཀ་བྱེད་བཞིན་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པའི་འཐུས་མི། རྒྱལ་སའི་གཞི་རིམ་ཏང་ཡོན་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི། པེ་ཅིན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་ཡོད་པ་རེད།།