གནས་ཚུལ། 详情

ཆུ་འདོན་ལེགས་སྒྱུར་མཐོར་འདེགས་ཀྱི་སྐོར་ཞིབ་སྤྱི་བསྒྲགས།

2026-06-30 16:05:34 来源: 作者: 编辑:超级管理员

ཁུལ་ཨུའི་སྐོར་ཞིབ་བྱ་བའི་ཚན་ཆུང་གི་ཚན་གཙོས་དངོས་སུ་དོན་གནད་དང་དམིགས་བྱ་གཏན་འཁེལ་བྱས་ནས“གཙང་བཟོ་དུག་སེལ་སྒྲིག་ཆས་ཚད་ལྡན་བཀོད་སྒྲིག་དང་།ཆུ་འདོན་བཟོ་སྐྲུན་སྤུས་འདེགས་ཕན་སྐྱེད།ཆུ་སྤུས་བརྟན་རླིང་ངང་ཚད་གཞིར་སླེབས་པ”བཅས་ཀྱི་གནད་དོན་ལ་དམིགས་ནས།ཁུལ་ཨུས་འབྲེལ་ཡོད་སྡེ་ཁག་གི་རྐང་འཛིན་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་སྐོར་ཞིབ་ཚན་ཆུང་གཅིག་བཙུགས་ཏེ།རྫོང་ལྔའི་རོང་འབྲོག་ཁུལ་གྱི་ཆུ་འདོན་ལེགས་སྒྱུར་མཐོར་འདེགས་ཐད“གནད་ཕིགས་རྣམ་པའི”སྐོར་ཞིབ་བྱེད་རྒྱུ་ཡིན་པ་དང་།འབྲེལ་ཡོད་དོན་ཚན་ཁྱབ་བསྒྲགས་བྱས་པ་གཤམ་གསལ།

གཅིག སྐོར་ཞིབ་དུས་ཚོད།

2026ལོའི་ཟླ6པའི་ཟླ་སྨད་ནས་ཟླ7པའི་ཟླ་སྨད་བར།

གཉིས། སྐོར་ཞིབ་ཀྱི་ནང་དོན་གཙོ་བོ།

“འགན་འཁྲི་དོན་འཁྱོལ་དང་། གཙང་བཟོ་དུག་སེལ་སྒྲིག་ཆས་ཚད་ལྡན་བཀོད་སྒྲིགཆུ་འདོན་བཟོ་སྐྲུན་གྱི་སྤུས་འདེགས་ཕན་སྐྱེད།ཆུ་སྤུས་བརྟན་རླིང་ངང་ཚད་གཞིར་སླེབས་པ།སྤྱོད་ཚུལ་འཛུགས་སྐྱོང་དང་སྲིད་གཙང་གི་ཉེན་ཁ”སོགས་ཐད་ཀྱི་གནད་དོན་ལ་དམིགས་ཏེ།ཁུལ་ཡོངས་ཀྱི་རྫོང་སོ་སོའི་ཆུ་བེད་གཙོ་གཉེར་སྡེ་ཁག་དང་།ཆུ་འདོན་གཉེར་སྲུང་ལས་ཁུངས།གཙོ་གནད་ཆུ་བེད་བཟོ་གྲྭ།རོང་འབྲོག་ཁུལ་གྱི་ཆུ་འདོན་ལེགས་སྒྱུར་མཐོར་འདེགས་ཀྱི་ལས་གཞི་ལག་བསྟར་མཁན་གཙོ་བོ།དེ་བཞིན་དུ་ཆུ་མགོ་སྲུང་སྐྱོང་དང་།ཆུ་སྤུས་ལྟ་ཞིབ་ཚད་ལེན།འཕྲོད་བསྟེན་ལྟ་སྐུལ་དོ་དམ།སྒྲིག་ཆས་ཉམས་བཟོ་འགན་ལེན་བཅས་ཀྱི་འབྲེལ་ཡོད་འགན་ནུས་སྡེ་ཁགརོང་འབྲོག་ཁུལ་གྱི་གཙང་བཟོ་དུག་སེལ་སྒྲིག་ཆས་བཀོད་སྒྲིག72དང་།རོང་འབྲོག་ཁུལ་གྱི་ཆུ་འདོན་ལེགས་སྒྱུར་མཐོར་འདེགས་ཀྱི་བཟོ་སྐྲུན་ཁག11འཛུགས་སྐྲུན།ཆུ་སྤུས་ལྟ་ཞིབ་ཚད་ལེན་བྱ་བར་ཁྱབ་པར་བྱས་ནས་ཐུང་བདེ་མྱུར་གསུམ་གྱིས“གནད་ཕིགས་རྣམ་པའི”སྐོར་ཞིབ་བྱེད་རྒྱུ་ཡིན།

སྐོར་ཞིབ་བྱེད་པའི་རིང་། སྐོར་ཞིབ་ཚན་ཆུང་གིས་ཞུ་གཏུག་ཁ་པར་དང་། གློག་རྡུལ་ཡིག་སྒམ། བསམ་འཆར་སྒམ་བཅས་བཙུགས་ཏེ་གཙོ་བོ་གུང་ཧོ་རྫོང་དང་། ཁྲི་ཀ་རྫོང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་བཅས་ཀྱི་ཆུ་སྤུས་ལེགས་སྒྱུར་མཐོར་འདེགས་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། སྐོར་ཞིབ་བདག་སྤྲོད་བྱེད་ཁོངས་ཀྱི་གནད་དོན་མིན་པ་དག་གཏན་འབེབས་ལྟར་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ནས་སྒྲུབ་གཉེར་བྱེད་རྒྱུ་ཡིན། སྐོར་ཞིབ་ཚན་ཆུང་གིས་བདག་སྤྲོད་བྱེད་ཡུལ་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་དང་ཁོངས་མིའི་འབྲེལ་ཡོད་གནས་ཚུལ་གོང་ཞུ་བྱེད་དགོས་ཚེ། སྐོར་ཞིབ་བྱེད་སྐབས་ཀྱི་ལས་ཀའི་ཉིན་མོའི་ཆུ་ཚོད8:30—18:00བར་སྐོར་ཞིབ་ཚན་ཆུང་གི་ལས་རེས་ཁ་པར་གཏོང་བའམ་གློག་རྡུལ་ཡིག་སྒམ་སོགས་བརྒྱུད་ནས་གོང་ཞུ་བྱས་ཆོག 

གསུམ། ཡར་ཞུའི་ཐབས་ལམ།

འབྲེལ་གཏུག་ཁ་པར། 18409704238

གློག་རྡུལ་ཡིག་སྒམ།   18409704238@163.com

ཆེད་དུ་སྤྱི་བསྒྲགས་སྤེལ་བ་ཡིན།

ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།

2026ལོའི་ཟླ6པའི་ཚེས24ཉིན


热门新闻

热门图库

热门排行