གནད་བསྡུས། 详情

ཞི་ཅིན་ཕིང་གིས་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་ལ་ཐུག་འཕྲད་གནང་བ།


ཟླ6པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏུའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་ལ་ཐུག་འཕྲད་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏུའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་ལ་ཐུག་འཕྲད་གནང་།

   ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་ཨུ་རུ་སུ་དཀར་པོ་ནི་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་བོ་དང་། ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བའི་རོགས་ཟླ་བཟང་བོ་ཡིན་ལ། རྣམ་པ་ཀུན་ཏུ་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའང་ཡིན། ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བས་རྒྱལ་སྤྱིའི་དུས་བབ་ཀྱི་ཉམས་སད་ཐེག་ནས། ཉེ་བའི་ལོ་ཤས་རིང་མཆོང་སྐྱོད་འཕེལ་རྒྱས་བྱུང་སྟེ། ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་དང་། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པའི་གྲུབ་འབྲས་ལེགས་ཤིང་། གཙོ་གནད་མཉམ་ལས་ལས་གཞིར་སྐུལ་འདེད་ཏན་ཏིག་བཏང་བས།  ཕྱོགས་མང་མཐུན་སྦྱོར་ལ་ཕན་འབྲས་ཀྱིས་ཕྱུག་ཡོད།   ཀྲུང་གོ་དང་ཨུ་རུ་སུ་དཀར་པོ་བར་གྱི་རྣམ་པ་ཀུན་དང་ཕྱོགས་ཡོངས་མཉམ་ལས་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན་པ་དོན་དངོས་ལས་བདེན་དཔང་བྱས་ཡོད།

    ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་བར་འཐབ་ཇུས་ཀྱི་འབྲེལ་འདྲིས་རྒྱུན་འཁྱོངས་དང་།  ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་སར་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུ་དཀར་པོས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱས་ཏེ། མུ་མཐུད་དུ་ཨུ་རུ་སུ་དཀར་པོའི་འཕེལ་རྒྱས་འཛུགས་སྐྲུན་ཐད་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་སོ་སོའི་ཐོན་ཁུངས་བཀོད་གཏོང་བྱས་ནས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དངོས་གཉེར་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུ་དཀར་པོ་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་སྐྲུན་དང་། འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་ལག་ལེན་དུ་བསྟར་བ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་ནང་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། གཡོ་འགུལ་ཆེ་བའི་འཛམ་གླིང་གི་བརྟན་ལྷིང་སྟོབས་ཤུགས་བྱེད་འདོད་ཡོད།

   ལུའུ་ཁ་ཧྲིན་ཁི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གནང་བར་ཡོངས་སུ་མོས་མཐུན་ཡོད། ཀྲུང་གོ་ནི་ཨུ་རུ་སུ་དཀར་པོའི་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ནས། ཨུ་རུ་སུ་དཀར་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་།  མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་བས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་བའི་རེ་སྒུག་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་བཏོན་ཏེ། གནད་དོན་ཛ་དྲག་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་བརྟན་བརླིང་དང་དར་རྒྱས་ཡོང་བར་བྱས་རྗེས་གལ་ཆེན་བཞག ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་མུ་མཐུད་དུ་མཐུན་སྦྱོར་ཟབ་མོ་བྱས་ནས། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་དང་བརྟན་ལྷིང་ལ་མཉམ་དུ་སྐུལ་སྤེལ་གཏོང་འདོད་ཡོད།

  ཝང་དབྱི་ཐུག་འཕྲད་ལ་ཞུགས། །


热门新闻

热门图库

热门排行