ཀུའེ་ནེ་ཡཱ་རུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར།
ཀུའེ་ནེ་ཡཱའི་སྨྱན་བྱད་ཀྱིས་ཚེས29ཉིན་བསྒྲགས་པ་ལྟར་ན། ཀུའེ་ནེ་ཡཱའི་མཱ་མུའུ་ས་ཁུལ་ཆེན་མོར་ཉིན་དེའི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི15རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཡོད་ཟེར།
བསྒྲགས་པ་ལྟར་ན། མཱ་མུའུ་ས་ཁུལ་ཆེན་མོའི་ཅུང་ཉེན་ཁ་ཆེ་བའི་ལམ་གྱི་དཀྱོགས་མཚམས་ཤིག་ཏུ། ལཱ་པེ་ས་ཁུལ་ཆེན་མོར་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ། དོན་རྐྱེན་བྱུང་སྐབས་འགྲུལ་སྐྱེལ་རླངས་འཁོར་སྟེང་དུ་མི16དྲུད་ཡོད་ལ། དོན་རྐྱེན་དེའི་བྱེ་བྲག་གི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན།