2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དར་གོས་ཚོང་ལམ་རི་གླུ་སྒྱུ་རྩལ་དུས་ཆེན་དང“རྨ་ཆུ་དྭངས་མོ•ཆེས་མཛེས་པའི་མཚོ་ཤར”གྱི་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་བརྩམས།
ཟླ6པའི་ཚེས29ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། “རྨ་ཆུའི་ཤེས་རིག་རྒྱུན་འཛིན་དང་རྨ་ཙོང་རིག་གནས་དར་སྤེལ་གཏོང་རྒྱུ”བརྗོད་དོན་གཙོ་བོ་ཡིན་པའི2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དར་གོས་ཚོང་ལམ་རི་གླུ་སྒྱུ་རྩལ་དུས་ཆེན་དང་། “རྨ་ཆུ་དྭངས་མོ·ཆེས་མཛེས་པའི་མཚོ་ཤར”གྱི་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་མཚོ་ཤར་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་ནས་དངོས་སུ་སྤེལ་འགོ་བརྩམས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཏ་ནན་དང་ཝུའུ་ལ་ཙི་པེ་ཁེ·རེ་སུའུ་ལི་ཧན། ཁྲེང་ཅི་ཝུའེ་བཅས་འགོ་རྩོམ་མཛད་སྒོར་ཞུགས།
ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་བསྐྲུན་རྒྱུར་དམ་པོར་དམིགས་པ་དང་། “རྨ་ཆུའི”སྐྱེ་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན་ནང་རང་འགུལ་ངང་འདྲེས་ནས། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་བས། རྨ་ཙོང་རིག་གནས་ཀྱིས་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་དུས་རབས་གསར་པའི་གཟི་མདངས་ལམ་ལམ་འཕྲོས་ཡོད། མཚོ་སྔོན་ཞིང་ཆེན་གྱི་དར་གོས་ཚོང་ལམ་རི་གླུ་སྒྱུ་རྩལ་དུས་ཆེན་ནི་རྨ་ཙོང་རིག་གནས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་དང་། རྨ་ཆུའི་རྒྱུད་ཀྱི་གྲོང་ཁྱེར་དབར་བསམ་བློ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་རྒྱལ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་པའི་སྦྲེལ་ཟམ་གལ་ཆེན་ཞིག་ཡིན། ད་ཐེངས་ཀྱི་བྱེད་སྒོ་འདིས་རྨ་ཙོང་རིག་གནས་སྦྲེལ་ཐག་ཏུ་བྱེད་པ་དང་། སྐྱེ་ཁམས་ཤེས་རིག་རྨང་གཞིར་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཐབས་ལམ་དུ་བྱེད་པ་བཅས་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་དང་དམ་པོར་འབྲེལ་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་ཀྱི་ཤར་རྒྱུད་སྒོ་མོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་རྒྱུད་ཀྱི་གྲོང་ཁྱེར་དང་མཉམ་དུ་སྐྱེ་ཁམས་ཡུལ་སྐོར་རྒྱུད་བསྐྲུན་པ། རྨ་ཆུའི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་བཤད་པ་བཅས་བྱས་ཏེ། འོད་སྟོང་འཕྲོ་བའི་རྨ་ཙོང་རིག་གནས་ལ་དུས་རབས་གསར་པའི་ནང་སྔར་ལས་མཛེས་སྡུག་ལྡན་པའི་གཟི་འོད་འཕྲོ་རུ་འཇུག་ཡོད།