གནད་བསྡུས། 详情

མཚོ་སྔོན་ཞིང་ཆེན་སྐབས་བཞི་པའི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོ་དང་སྐབས་ཉེར་གཉིས་པའི་ལས་བཟོ་བའི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོ་སྤེལ་མགོ་བརྩམས།

ཟླ6པའི་ཚེས25ཉིན་ནས་ཚེས27ཉིན་བར།མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་སོགས་སྡེ་ཁག་དང་ལས་ཁུངས་བརྒྱད་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་མཚོ་སྔོན་ཞིང་ཆེན་སྐབས་བཞི་པའི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོ་དང་སྐབས་ཉེར་གཉིས་པའི་ལས་བཟོ་བའི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སྤེལ་མགོ་བརྩམས་ཤིང་།  ཐེངས་འདིའི་འགྲན་བསྡུར་ལ་མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་འགྲན་ཞུགས་པ52དང་། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་སྐྱོན་འགྲན་ཞུགས་པ12མངགས་པ་རེད།

ཐེངས་འདིའི་འགྲན་བསྡུར་གྱིས་ལག་རྩལ་ལ་བརྟེན་ནས་གཙང་གསུམ་མགོ་ཁུངས་ལ་འོད་སྣང་སྦྱིན་པ་ཞེས་པ་བརྗོད་དོན་དུ་བཟུང་སྟེ།    ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོ་དང་ལས་བཟོ་བའི་ལས་རིགས་ལག་རྩལ་ འགྲན་བསྡུར་ཆེན་མོ་ཐོག་དང་པོར་མཉམ་འབྲེལ་སྒོས་སྤེལ་ཞིང་། རྒྱལ་ཡོངས་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོའི་ཚད་གཞི་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་དམིགས་ཏེ།  འགྲན་བསྡུར་རྣམ་གྲངས121བཀོད་སྒྲིག་བྱས་ཡོད་པ་དང་།   བསྡོམས་པས་འཐུས་མི་རུ་ཁག33དང་འགྲན་ཞུགས་པ2607ཞུགས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་པས།དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་མཐོ་ཤོས་དང་གཞི་རྒྱ་ཆེ་ཤོས། རྣམ་གྲངས་ཆ་ཚང་ཞིང་ཤན་ཤུགས་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལས་རིགས་ལག་རྩལ་གྱི་འགྲན་བསྡུར་བྱ་འགུལ་ཞིག་ཡིན་ལ། རང་ཁུལ་གྱིས་འགྲན་ཞུགས་པ64མངགས་ཏེ་རྒན་གསོའི་བདག་སྐྱོང་པ་དང་ངལ་རྩོལ་འབྲེལ་བ་མཐུན་སྦྱོར།  ཀྲུང་ལུགས་སྨན་རྫས་འདུལ་སྦྱོང་བཅས་རྣམ་གྲངས་མང་པོར་ཞུགས་ནས་འགྲན་བསྡུར་བྱས་ཤིང་།  ཐེངས་འདིའི་འགྲན་བསྡུར་ལས་གསར་གཏོད་བཞི་དང་དོ་སྣང་བཞི། སྐུལ་སློང་བཞི་བཅས་ཀྱི་འགྲན་བསྡུར་ཁྱད་ཆོས་འབུར་དུ་བཏོད་དེ།  སྔར་བས་སྒོ་འབྱེད་དང་དོན་གཉེར། ལས་ཆོད་མཐོ་ལ། མཐོ་སྒང་གི་ཤན་ཤུགས་ཆེ་བའི་ལག་རྩལ་འགྲན་བསྡུར་ཞིག་གང་ནུས་ཅི་ཐུབ་སྒོས་བསྐྲུན་ཞིང་།  རང་ཁུལ་གྱི་འགྲན་ཞུགས་པ་རྣམས་ལ་མཐར་གསེར་གྱི་རྟགས་མ1དང་དངུལ་གྱི་རྟགས་མ3། ཟངས་ཀྱི་རྟགས་མ2བཅས་ཀྱི་བྱ་དགའ་ཐོབ་པ་རེད།

འགྲན་ཞུགས་པ་གཡང་ལོ་ཡིས་བཤད་རྒྱུར།  ཐེངས་འདིའི་ལག་རྩལ་འགྲན་བསྡུར་ཁྲོད་རང་ཉིད་ལ་དངུལ་གྱི་རྟགས་མ་ཐོབ་པས་དགའ་སྤྲོ་ཚད་མེད་སྐྱེས་ཡོད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ངས་སློབ་སྦྱོང་ལ་སྔར་ལས་འབད་པ་བྱས་ནས། རང་ཉིད་ཀྱི་ཆེད་ལས་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།

འགྲན་ཞུགས་པ་དབྱང་ཤང་ཏུང་གིས་བཤད་རྒྱུར།    སློབ་གྲྭས་ཁྱོན་དགེ་སློབ12བདམས་ནས་སྐབས་བཞི་པའི་མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་འགྲན་བསྡུར་ཆེན་མོའི་ཁྲོད་ཞུགས་པ་ཡིན་ལ།   འགྲན་བསྡུར་ལས་ང་ཚོའི་སློབ་གྲྭར་དངུལ་གྱི་རྟགས་མ་གཅིག་དང་ཟངས་ཀྱི་རྟགས་མ་གཅིག་ཐོབ།    འགྲན་བསྡུར་སྐབས་སློབ་གྲྭ་གཞན་དག་གི་དགེ་སློབ་ཚོ་དང་མཉམ་དུ་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱས་པས། ང་ཚོའི་སློབ་གྲྭའི་སློབ་མ


热门新闻

热门图库

热门排行