གནས་ཚུལ། 详情

མཚོ་ལྷོ་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་བདེ་འཇགས་དྲིལ་བསྒྲགས་ཁྱིམ་ཚང་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ།

2026ལོའི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱ་འགུལ་ལ་སྐུལ་འདེད་བྱེད་པ་དང་། མི་ཚང་མས་བདེ་འཇགས་ལ་དོ་སྣང་དང་འཕྲལ་བསྟུན་ལ་རྒྱུས་ལོན་བྱེད་པ། ཉེན་ཁའི་བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ་བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཟླ6པའི་ཚེས24ཉིན། མཚོ་ལྷོ་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་བདེ་འཇགས་དྲིལ་བསྒྲགས་ཆ་གཅིག་ལ་སྤུས་རྟགས་གཅིག་བཏོད་པའི་གསར་སྐྲུན་བྱ་བར་བརྟེན་ནས། རྐང་འཛིན་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཤང་གྲོང་གི་སྡེ་ཁུལ་དང་ཞིང་སྡེ་ཡི་འབྲོག་ཁུལ་དུ་བསྐྱོད་དེ་བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་ཁྱིམ་ཚང་དུ་བསྐྱོད་པའི་ཆེད་དོན་བྱ་འགུལ་སྤེལ་ནས། དངོས་སྤྱོད་བདེ་འཇགས་ཀྱི་ཤེས་བྱ་དང་ཞབས་ཞུ་མང་ཚོགས་ཀྱི་གམ་དུ་བསྐྱལ་བ་རེད། 

གྲོང་མིའི་ཁྱིམ་དུ་ལས་བྱེད་པས་བདེ་འཇགས་དྲིལ་བསྒྲགས་ལག་དེབ་གནང་བ་དང་། གཏན་འབེབས་བྱས་པའི་དྲིལ་བསྒྲགས་དངོས་རྫས་བཟོ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། མང་ཚོགས་ཀྱི་ཁྱིམ་སྡོད་མེ་འགོག་དང་གློག་སྤྱོད་སོལ་རླངས། གེགས་འགོག་ཉེན་གཡོལ་དང་འཕྲལ་བསྟུན་བྲོས་བྱོལ་སོགས་ཀྱི་རྨང་གཞིའི་རྒྱུན་ཤེས་ཁྱབ་གདལ་དུ་བཏང་།

གཅིག་བསྡུས་དྲིལ་སྒྲོག་ནས་ཁྱིམ་ཚང་རེ་རེར་སོང་ནས་དྲིལ་སྒྲོག་བྱེད་པའི་བར་ཐེངས་འདིའི་བྱ་འགུལ་གྱིས་ཞབས་ཞུ་དེ་མང་ཚོགས་ཀྱི་ཁྱིམ་དུ་ཐོན་པར་བྱས་ཡོད། མཚོ་ལྷོ་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་མེ་ཟོན་དང་སོལ་རླངས་སོགས་ཆེད་ལས་ནུས་པ་འདོན་སྤེལ་བྱས་ནས། སྡོད་དམངས་ཀྱི་ཁྱིམ་དུ་སོང་ནས་གློག་དང་སོལ་རླངས་སྤྱོད་པའི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། ཉེན་ཁ་ཡོད་ན་མང་ཚོགས་ལ་གསལ་འདེབས་བྱས་ནས་བྱུར་རྐྱེན་ཞིབ་བཤེར་དང་བཅོས་སྐྱོང་བྱ་ཐབས་མཛུབ་སྟོན་བྱས་པ་དང་། འདི་ལྟ་བུའི་ཞབས་ཞུས་མང་ཚོགས་ལ་རང་འགུལ་ངང་ཁྱིམ་ཚང་དང་མཐའ་འཁོར་གྱི་ཁོར་ཡུག་གི་བདེ་འཇགས་བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱ་རྒྱུ་ཁྲིད་སྟོན་བྱས་ནས། ཁྱིམ་གྱི་བདེ་འཇགས་ཉེན་ཁར་དོགས་ཟོན་ནན་མོར་བཏང་སྟེ་བདེ་འཇགས་ཐོན་སྐྱེད་འགན་སྲུང་བྱས།

བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་བསྡོམས་པས་རིགས་མི་འདྲ་བའི་བདེ་འཇགས་དྲིལ་སྒྲོག་ཡིག་ཆ་དང་དྲན་རྟེན་དངོས་རྫས300ལྷག་བཀྲམས་པ་དེས་གཞི་རིམ་ཁྱིམ་ཚང་གི་བདེ་འཇགས་ཤེས་བྱ་དང་ནུས་པའི་ཐད་ཀྱི་ཞན་ཆ་གསབ་པ་མ་ཟད། གྲོང་གསེབ་དང་འབྲོག་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་སྲུང་དྲ་བ་སྔར་ལས་ཇེ་དམ་དུ་བཏང་སྟེ། ཁུལ་ཡོངས་སུ་མི་ཚང་མས་བདེ་འཇགས་ལ་མཐོང་ཆེན་བྱེད་པ་དང་། བྱ་བ་ཐམས་ཅད་བདེ་འཇགས་ཀྱི་ཆེད་དུ་སྒྲུབ་པ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཡིད་ལ་འཛིན་པ། གང་ས་གང་དུ་བདེ་འཇགས་ཡིན་དགོས་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་གཏན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུ་བཏོན།


热门新闻

热门图库

热门排行