ཞི་ཅིན་ཕིང་གིས་ཁམ་ཕུའུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སུན་ལ་ཐུག་འཕྲད་གནང་བ།

ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཁམ་ཕུའུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སུན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཁམ་ཕུའུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སུན་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་ཁམ་ཕུའུ་ཁྲེའི་མི་དམངས་ཏང་བཙུགས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཁམ་ཕུའུ་ཁྲེའི་མི་དམངས་ཏང་གིས་ཁམ་ཕུའུ་ཁྲེའི་མགོ་ཁྲིད་དེ་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་དར་སྤེལ་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་སྨོན་འདུན་ཞུས་པ་རེད། ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ4པར་ངས་ཁམ་ཕུའུ་ཁྲེར་རྒྱལ་དོན་འཚམས་འདྲི་བྱས་ནས་ཁམ་ཕུའུ་ཁྲེའི་སྣེ་ཁྲིད་པ་དང་མཉམ་དུ་དུས་རབས་གསར་པའི་དུས་ཀུན་ཅན་གྱི་ཀྲུང་གོ་དང་ཁམ་ཕུའུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལེའུ་གསར་པ་ཞིག་བཏོད་ཡོད། ལོ་ངོ་གཅིག་ལྷག་གི་རིང་རྒྱལ་ཁབ་གཉིས་ཀྱི་དབར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས། ཀྲུང་གོ་དང་ཁམ་ཕུའུ་ཁྲེའི་སྲོལ་རྒྱུན་མཛའ་གྲོགས་ཐད་དུས་རབས་གསར་པའི་ནང་དོན་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁམ་ཕུའུ་ཁྲེ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གཙོ་གནད་ཁ་ཕྱོགས་སུ་བརྩིས་ནས། ཁམ་ཕུའུ་ཁྲེ་ཡིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་དང་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུའུ་ཁྲེ་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་ཞི་བདེར་སྲུང་སྐྱོང་དང་། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པ། ཐུན་མོང་ཐོག་དར་རྒྱས་བཏོད་པ། ཀྲུང་གོ་དང་ཁམ་ཕུའུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དཔེ་མཚོན་བཙུགས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད་པས། ཀྲུང་གོ་དང་ཁམ་ཕུའུ་ཁྲེའི་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་འགྱུར་ལྡོག་ཁྲོད་འགན་འཁྲི་འཁུར་བ་དང་ཟང་ཟིང་ཁྲོད་ཡང་དག་པའི་བགྲོད་ལམ་སྲུང་ནས། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་བརྟན་ལྷིང་རང་བཞིན་དེ་བས་མང་པོ་བསྣོན་དགོས། གཅིག་ནས་འཐབ་ཇུས་ཐོག་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་པོ་འཛུགས་དགོས། ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ནས། གྲུབ་འབྲས་སྔར་བས་ཆེ་རུ་བཏང་སྟེ། ཕན་ཚུན་ཡིད་ཆེས་ཀྱི་ཆུ་ཚད་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུའུ་ཁྲེ་ཕྱོགས་དང་ཏང་དབར་གྱི་འགྲོ་འོང་གཏིང་ཟབ་ཏུ་བཏང་ནས། ཏང་དང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གི་སྲིད་སྐྱོང་ནུས་པ་ཐུན་མོང་ཐོག་ཆེ་རུ་གཏོང་འདོད་ཡོད། གཉིས་ནས་བརྟན་རླིང་ངང་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་དགོས། ཕྱོགས་གཉིས་ཀྱིས“བཟོ་ལས་འཕེལ་རྒྱས་བར་ཁྱམས”དང“ཉ་འབྲས་བར་ཁྱམས”ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཁམ་ཕུའུ་ཁྲེའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་ལྷག་པར་དམངས་འཚོར་ཕན་ཁེ་བསྐྲུན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཁམ་ཕུའུ་ཁྲེའི་མཛའ་གྲོགས་ཀྱི་དམངས་སེམས་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། གསུམ་ནས་རྒྱལ་ཁབ་སོ་སོའི་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུའུ་ཁྲེ་ཕྱོགས་དང་བདེ་འཇགས་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུའུ་ཁྲེ་ཕྱོགས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གཙང་སེལ་བྱེད་པའི་ཆོད་སེམས་དང་བྱ་སྤྱོད་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་། ཁམ་ཕུའུ་ཁྲེ་ཕྱོགས་དང་མཉམ་དུ་གློག་འཕྲིན་ཁ་བསླུས་ཀྱི“དུག་སྐྲན”གཙང་སེལ་བྱེད་པར་མུམཐུད་དུ་ཤུགས་བསྣོན་འདོད་ཡོད། བཞི་ནས་འཐབ་ཇུས་རོགས་ལས་ཀྱི་དཔེ་མཚོན་གཏོད་དགོས། ཁམ་ཕུའུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་ཞུས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འདུ་ཤེས་དང་གྲོས་གཞིར་སྔོན་ལ་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུའུ་ཁྲེ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཀྱི་གཞི་རྩའི་ངོས་དང་མཉམ་ལས་གཉིས་ཕན་གྱི་ཁ་ཕྱོགས་ཆེན་པོར་དེ་བས་སྲུང་སྐྱོང་ལེགས་པོ་བྱེད་འདོད་ཡོད།

ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཁམ་ཕུའུ་ཁྲའེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སུན་ལ་ཐུག་འཕྲད་གནང་།
ཧུང་སུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁམ་ཀྲུང་དབར་གྱི་མཛའ་གྲོགས་བརྟན་པོ་དང་དེ་བཞིན་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་དུས་ཀུན་ཅན ་གྱི་ཁམ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་གདེང་འཇོག་གནང་བར་ང་རང་རྦད་དེ་མོས་མཐུན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དུ་ཁམ་ཕུའུ་ཁྲེ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུའུ་ཁྲེའི་སྲིད་གཞུང་དང་མི་དམངས་ཏང་གིས་རང་ངོས་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གདམ་ག་བྱ་རྒྱུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁམ་ཕུའུ་ཁྲེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོང་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཁམ་ཕུའུ་ཁྲེ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་མཛའ་གྲོགས་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། ཀྲུང་གོས་རྒྱལ་ཁབ་རྦད་དེ་གཅིག་གྱུར་བྱེད་པ་དང་རྣམ་པ་གང་རུང་གི“ཐའེ་ཚན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁམ་ཕུའུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“ཟུར་ལྔའི་འཐབ་ཇུས”དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གྲོས་གཞི་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་དང་བདེ་འཇགས། རྒྱལ་སྲུང་། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་གཙང་སེལ་བྱ་རྒྱུ་ནི་ཁམ་ཕུའུ་ཁྲེའི་མིག་སྔའི་ལས་དོན་གྱི་སྔོན་ལ་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པས། ཁམ་ཕུའུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ཁྲིམས་འཛིན་མཉམ་ལས་བྱེད་འདོད་ཡོད། ཁམ་ཕུའུ་ཁྲེས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་དོན་འཁྱོལ་བྱས་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དར་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད། ཁམ་ཕུའུ་ཁྲེའི་མི་དམངས་ཏང་དང་ཀྲུང་གོ་གུང་ཁྲན་ཏང་དབར་ཡུན་རིང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད་པས། ཁམ་ཕུའུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་ཏང་གཉིས་ཀྱི་སྤེལ་རེས་མཉམ་ལས་ཀྱི་དྲན་ཐོ་གསར་པ་དོན་འཁྱོལ་ཡག་པོ་བྱས་ནས། ཁམ་ཕུའུ་ཁྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་རམ་འདེགས་བྱེད་འདོད་ཡོད།
ཝང་དབྱི་ཐུག་འཕྲད་ལ་ཞུགས། །