གནས་ཚུལ། 详情

གུང་ཧོ་རྫོང་རྟ་ནག་མའི་ཐོན་ལས་གླིང་གི་མགྲོན་བྲང་ཞབས་ཞུའི་ནུས་རྩལ་མཐོར་འདེགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས།

ཟླ6པའི་ཚེས24ཉིན། གུང་ཧོ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་རྟ་ནག་མ་གྲོང་བརྡལ་མི་དམངས་སྲིད་གཞུང་ལ་མཉམ་འབྲེལ་བྱས་ཏེ། 

རྟ་ནག་མའི་ཐོན་ལས་གླིང་དུ་དུས་ཡུན་ཉིན3རིང་གི་མགྲོན་བྲང་ཞབས་ཞུའི་ནུས་རྩལ་མཐོར་འདེགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། མཚོ་སྐོར་ཆུས་བསྣུབས་ཁུལ་དང་དེ་མིན་ཁོངས་གཏོགས་ཁུལ་གྱི་རོང་འབྲོག་པའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་མུ་མཐུད་དུ་རྒྱ་ཆེར་བཏང་བ་རེད།

ཐེངས་འདིའི་གསོ་སྦྱོང་ལས་རྟ་ནག་མའི་ཐོན་ལས་གླིང་གཉེར་སྐྱོང་གི་དོན་དངོས་དང་མཚོ་སྐོར་གྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་ལས་མིའི་དགོས་མཁོ། གཞུང་ལམ་དཔལ་འབྱོར་ལས་རྣམ་གྱི་ཁྱད་ཆོས་དང་དེ་མིན་བསྣུབས་ཁུལ་མང་ཚོགས་ཀྱི་ཐོན་སྒྱུར་ལས་ཞུགས་ཀྱི་རེ་ཞུ་བཅས་ལ་དམ་པོར་དམིགས་ཏེ། ངལ་རྩོལ་ནུས་ཤུགས་གསོ་སྦྱོང་ཁྲོད་ཞུགས་འདོད་ཡོད་མེད་སྔོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། མང་ཚོགས60ལྷག་རྩ་འཛུགས་སྒོས་གསོ་སྦྱོང་ཁྲོད་ཞུགས་སུ་བཅུག་པ་རེད། ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་དང་གསོ་སྦྱོང་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་བའི་དམིགས་ཚད་གཞིར་བཟུང་ནས། གསོ་སྦྱོང་ལས་མཚོ་སྐོར་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དགེ་མཚན་དང་ཆུས་བསྣུབས་པའི་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ། ས་གནས་དེར་བཀོད་སྒྲིག་བྱས་པའི་མང་ཚོགས་ཏེ་རིགས་གཉིས་ཚོགས་སྤྱིར་ཁ་ཕྱོགས་ནས་ཆེད་དོན་ནུས་ཤུགས་བཏོན་པ་རེད།

གསོ་སྦྱོང་གི་ནང་དོན་དེ་གཞུང་ལམ་གྱི་དཔལ་འབྱོར་གཉེར་སྐྱོང་བྱེད་སྟངས་དང་རིག་གནས་ཡུལ་སྐོར་ལས་གནས་ཀྱི་ལས་མིའི་དགོས་མཁོའི་དོན་དངོས་དང་འཚམ་པར་བྱས་ཏེ། གླིང་ཁུལ་གྱི་དམངས་སྲོལ་མགྲོན་ཁང་གི་ལས་ཞུགས་མི་སྣའི་ཞབས་ཞུ་ཚད་ལྡན་མིན་པ་དང་འཕྲལ་བསྟུན་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་གཙོ་བོར་དམིགས་ནས། མཚོ་སྐོར་རིག་གནས་ཡུལ་སྐོར་གྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་ལས་གླིང་ཁུལ་གྱི་རིག་གནས་ཡུལ་སྐོར་ཞབས་ཞུའི་འཇོན་མི་དཀོན་པའི་གནད་དོན་ཐག་གཅོད་བྱས་ནས་མཚོ་སྐོར་གཞུང་ལམ་གྱི་དཔལ་འབྱོར་སྤུས་ཚད་རིམ་སྤར་ལ་རོགས་འདེགས་བྱས་པར་མ་ཟད། ཆུས་བསྣུབས་པའི་ས་ཁུལ་གྱི་ཞོར་ལས་མང་ཚོགས་དེ་སྤྱིར་བཏང་གི་ངལ་རྩོལ་ནུས་ཤུགས་ནས་ནུས་རྩལ་འཇོན་མིར་བསྒྱུར་བར་སྐུལ་འདེད་ཀྱང་བཏང་སྟེ། གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་བརྟན་པོ་ཡོང་བ་དང་ལས་ཞུགས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་ནས། ཆུས་བསྣུབས་པའི་མང་ཚོགས་ཀྱི་ལས་ཞུགས་རིམ་སྒྱུར་གྱི་དཀའ་ཁག་སེལ་ཏེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་སྒུལ་ཤུགས་བསྣན།


热门新闻

热门图库

热门排行