གནས་ཚུལ། 详情

ཐུན་ཏེ་རྫོང་འབའ་ཞོལ་མ་སྡེ་བས་དྲོད་ཁང་འདེབས་འཛུགས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བྱས།

སྒྲིག་བཀོད་ཞིང་ལས་ནི་མང་ཚོགས་ཀྱི་འབའ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དབྱར་མགོའི་དུས་སུ་ཐུན་ཏེ་རྫོང་འབའ་ལུང་ཤང་འབབ་ཞོལ་མ་སྡེ་བའི་དྲོད་ཁང་ཆེན་མོའི་ནང་དུ་སྔོ་ཚལ་དང་ཤིང་ཏོག་གི་སྐྱེ་སྟོབས་ཧ་ཅང་བཟང་ལ། ས་གནས་དེ་གས་ཐུན་མོང་མ་ཡིན་པའི་ཞིང་ལས་ཐོན་ཁུངས་ལ་བརྟེན་ནས་ཚད་ལྡན་ཅན་གྱི་དྲོད་ཁང་ཆེན་མོའི་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཚན་རྩལ་གྱི་རོགས་འདེགས་དང་ཞིབ་ཚོགས་ཀྱི་དོ་དམ་སྲུང་སྐྱོང་བརྒྱུད་དྲོད་ཁང་དེ་དག་སྡེ་མིའི་འབབ་འཕར་ཕྱུག་འགྱུར་གྱི་རྟེན་ས་གཙོ་བོར་གྱུར་ནས་གྲོང་གསེབ་ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ།

 ཟླ6པའི་ཚེས16ཉིན། གསར་འགོད་པ་འབའ་ཞོལ་མ་སྡེ་བའི་དྲོད་ཁང་ཆེན་མོའི་རྟེན་གཞིར་བསྐྱོད་པ་ན་ཚད་ལྡན་ཅན་གྱི་དྲོད་ཁང་ཆེན་མོ་དག་གྲལ་བསྟར་བསྒྲིགས་འདུག་ལ།  དྲོད་ཁང་སྟེང་གི་འགྱིག་ཁ་ཕྱེས་དུས་དྲོད་ཁང་ནང་དུ་ཉི་འོད་དང་བརླན་བཤེར་འཛོམས་པས་ཀྲོ་མ་ཀྲུ་དང་སུར་པན་གྱི་མྱུ་གུའི་སྐྱེ་ཚུལ་ཧ་ཅང་ལེགས་ཤིང་། སྡེ་མི་རྣམས་ཀྱིས་ཡུར་མ་ཡུར་བ་དང་ཡལ་ག་ལེགས་བཅོས་བྱེད་པ་སོགས་དོ་དམ་སྲུང་སྐྱོང་གི་ལས་དོན་སྤེལ་བཞིན་པས་དྲོད་ཁང་ཆེན་མོའི་ནང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག   མིག་སྔར་འབའ་ཞོལ་མ་སྡེ་བའི་དྲོད་ཁང་ཆེན་མོའི་འདེབས་འཛུགས་ལ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པས། ས་གནས་ཀྱི་སྔོ་ཚལ་དང་སིལ་ཏོག་གི་མཁོ་སྤྲོད་ཕུན་སུམ་ཚོགས་པོར་བཏང་ནས། མཐོ་སྒང་གི་སྔོ་ཚལ་མཁོ་སྤྲོད་མི་འདང་བའི་ཞན་ཆ་གསབ་པ་མ་ཟད། ད་དུང་སྡེ་བའི་ནང་གི་ངལ་རྩོལ་ནུས་ཤུགས་ལྷག་མར་ལས་ཞུགས་མཁོ་འདོན་བྱས་ཏེ། མང་ཚོགས་ཀྱིས་རང་ཁྱིམ་སྒོ་ཁར་ཡོང་འབབ་བཙལ་ནས། ཞིང་ལས་སྒྲིག་བཀོད་ཐོན་ཁུངས་ཀྱི་དགེ་མཚན་དེ་གྲོང་གསེབ་དར་སྤེལ་ལ་རོགས་རམ་དང་མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཐོན་ལས་ཀྱི་དགེ་མཚན་དུ་བསྒྱུར་ཡོད།

ཐུན་ཏེ་རྫོང་འབའ་ལུང་ཤང་འབའ་ཞོལ་མ་སྡེ་བའི་སྔོ་ཚལ་དྲོད་ཁང་གི་ཞོར་ལས་པ་དབྱངས་ཅན་སྒྲོལ་མས་བཤད་རྒྱུར། ང་ནི་ཁྲི་ཀ་རྫོང་ནས་འདིར་ཞོར་ལས་གཉེར་དུ་ཡོང་བ་ཡིན་ལ། རྩྭ་འབལ་བ་དང་མྱུ་གུ་གསབ་འདེབས་བྱེད་པ་ཡིན།  ཟླ་རེར་གླ་ཕོགས་སྒོར་སྟོང་བཞི་ཡོད་པ་དང་གནས་འདིར་ཡོང་ནས་ཉིན་དྲུག་འགོར་སོང་། འདི་རུ་ཅུང་སྐྱིད་པོ་འདུག་ཟེར།

 སྲོལ་རྒྱུན་གྱི་འདེབས་འཛུགས་དང་བསྡུར་ན་དྲོད་ཁང་ཆེན་མོའི་འདེབས་འཛུགས་ཀྱིས་ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་བད་ཆགས་པའི་དུས་ཚིགས་ཐུང་བ།  དྲོད་ཚད་ཀྱི་ཧེ་བག་ཆེ་བ་སོགས་འདེབས་འཛུགས་ཀྱི་དཀའ་གནད་ལས་གཡོལ་ནས། ཤིང་ཏོག་དང་སྔོ་ཚལ་གྱི་འདེབས་འཛུགས་དུས་ཚོད་བཀོད་སྒྲིག་གང་ལེགས་བྱས་ཏེ་དུས་བཞིའི་ཐོན་འབབ་མངོན་འགྱུར་བྱུང་ཡོད། ཤིང་ཏོག་དང་སྔོ་ཚལ་གྱི་སྤུས་ཚད་དང་ཐོན་ཚད་ལ་འགན་ལེན་བྱ་ཆེད་རྟེན་གཞིས་བརྒྱུད་རིམ་ཧྲིལ་པོར་ཚན་རིག་ཅན་གྱི་འདེབས་འཛུགས་དོ་དམ་བྱེད་སྟངས་སྤྱད་པ་དང་ཆེད་ལས་ཞིང་ལས་ལག་རྩལ་མི་སྣས་རྒྱུན་རྣམ་ཅན་གྱིས་དྲོད་ཁང་དུ་བཅའ་སྡོད་མཛུབ་ཁྲིད་བྱས་ཏེ།  སོན་མྱུག་འདེམས་གསོ་དང་ཆུ་ལུད་དོ་དམ་ཚོད་འཛིན། ནད་འབུའི་གནོད་འཚེ་འགོག་བཅོས་བཅས་བྱེད་པ་ནས་བསྡུ་ལེན་བྲིན་ཚོང་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ལག་རྩལ་རྗེས་འདེད་ཞབས་ཞུ་བྱས་ཏེ། འདེབས་འཛུགས་ཀྱི་དཀའ་གནད་གནད་ལ་འཁེལ་བའི་སྒོ་ནས་སེལ་བ་དང་ཆབས་ཅིག་དྲོད་ཁང་ཆེན་མོའི་འདེབས་འཛུགས་ཚད་གཞི་ཅན་དང་།  ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་སྒྲིག་བཀོད་ཞིང་ལས་ཀྱི་སྤུས་ཚད་དང་ཐོན་འབབ་འཕར་སྣོན།  ཕན་འབྲས་བཅས་དངོས་གནས་མངོན་འགྱུར་བྱུང་།  

དྲོད་ཁང་ཆེན་མོའི་འདེབས་འཛུགས་ལག་རྩལ་པ་བསོད་ནམས་བཀྲ་ཤིས་ཀྱིས་བཤད་རྒྱུར། ང་ཚོའི་འདི་གར་བསྡོམས་པས་དྲོད་ཁང་ཆེན་མོ36ཡོད་པ་དང་མིག་སྔར་དྲོད་ཁང་ཆེན་མོ11ནང་སུར་པན་དང་ལ་ཕུག   ཀེའུ།  ཀྲོ་མ་ཀྲུ་བཅས་བཏབ་ཡོད་པ་དང་།  རྗེས་ཕྱོགས་ད་དུང་སེའུ་དང་འབྲུ་ཏ་ས་འཛིན་འདེབས་འཛུགས་བྱེད་ཀྱི་ཡིན།  ལོ་གཅིག་ལ་ཐེངས་གསུམ་ནས་ཐེངས་བཞི་ལ་འདེབས་ཐུབ་པས་འདེབས་ཐེངས་གཅིག་ལ་རྒྱ་མ་སྟོང་གཉིས་ལྷག་གི་ཡོང་འབབ་ཡོད་ཟེར།  


热门新闻

热门图库

热门排行