ཁུལ་སྲིད་གཞུང་གིས་མཚོ་སྔོན་པོའི་ཆུས་བསྣུབས་ཁུལ་གྱི་རོང་འབྲོག་མང་ཚོགས་གནས་སྤོ་བཀོད་སྒྲིག་བཟོ་སྐྲུན་གྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་བསྡུས་པ།
རང་ཚགས་པར་གྱི་འཕྲིན།ཟླ6པའི་ཚེས24ཉིན། ཁུལ་མི་དམངས་སྲིད་གཞུང་གིས་མཚོ་སྔོན་པོའི་ཆུས་བསྣུབས་ཁུལ་གྱི་རོང་འབྲོག་མང་ཚོགས་གནས་སྤོ་བཀོད་སྒྲིག་བཟོ་སྐྲུན་གྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་པོའི་ཆུ་མུ་མཐུད་དུ་ཡར་རྒྱས་པའི་ཉེན་ཁ་ལ་ཁ་གཏད་པའི་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ལ། བྱ་བའི་འཕེལ་རིམ་གྱི་སྙན་ཞུར་ཉན་ནས་ཉེ་སྔོན་གྱི་བྱ་བ་གཙོ་བོའང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནང་།
ཚོགས་འདུ་ལས་མཚོ་སྐོར་གནས་སྤོ་བཀོད་སྒྲིག་ལག་ལེན་དུ་བསྟར་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་ལྷོ་ཁུལ་ལ་བཅོལ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཀྱང་ཡིན། གནས་སྤོ་བཀོད་སྒྲིག་གི་བྱ་བ་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་དུ་བསྟར་བའི་ཞིབ་ཕྲའི་བྱེད་སྟངས་ཞིག་དང་།མགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་ཐུབ་མིན་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ།ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བྱས་ནས།ནུས་ཤུགས་ཡོད་རྒུས་དུས་ལྟར་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་བཟོ་སྐྲུན་གྱི་དུས་སྐབས་བཟང་པོ་དམ་འཛིན་བྱས་ཏེ། ལས་གཞིའི་འཛུགས་སྐྲུན་གྱི་འོས་འགན་སོ་སོ་ལེགས་པོར་བསྒྲུབ་དགོས་པ་དང་།མང་ཚོགས་ཀྱི་བྱ་བ་ཞིབ་ཚགས་ཀྱིས་བསྒྲུབ་པ་དང་མང་ཚོགས་ཀྱི་གནས་སྤོ་རེ་འདུན་ཞིབ་མོར་ལེགས་སྒྲིག་བྱས་ཏེ། རིམ་དགར་རིགས་དབྱེ་ཡིས་ཇུས་གཞི་འདོན་པ་དང་། འདུམ་འགྲིག་ཐབས་ལམ་གཏན་འཁེལ། འགན་འཁྲི་གཙོ་བོ་ལག་བསྟར།ལས་དོན་སྒྲུབ་པའི་དུས་ཡུན་གཏན་འཁེལ་བཅས་བྱ་དགོས། དུས་མཉམ་དུ་སྲིད་ཇུས་སྒྲོག་འགྲེལ་དང་བསམ་བློའི་ཁྲིད་སྟོན། དྲིལ་སྒྲོག་སློབ་གསོ་བཅས་རྒྱུན་རྣམ་ཅན་དུ་སྤེལ་ནས།གནས་སྤོ་བཀོད་སྒྲིག་གི་འབྲེལ་ཡོད་སྲིད་ཇུས་ཞིབ་མོར་ཀློག་འདོན་བྱེད་པ་དང་།མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་རང་འགུལ་སྒོས་ལན་བཏབ་སྟེ། གནས་སྤོ་མང་ཚོགས་ཀྱི་ཁས་ལེན་བྱེད་ཚད་དང་ཡིད་ཚིམ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།དཀའ་ངལ་ཅན་གྱི་གནད་དོན་མགྱོགས་པོར་ཐག་བཅད་དེ། ཁྲིམས་མཐུན་ལུགས་མཐུན་ངང་ལས་གཞིའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་ཀྱི་མཛུབ་སྟོན་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། ཞིང་ཆེན་འབྲེལ་ཡོད་ཐིང་དང་ཅུའུ་ཡི་སྙན་ཞུའི་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ལས་གཞིའི་འགྲོ་ལུགས་ལ་ཞིབ་མཆན་འགོད་པ་སོགས་ཀྱི་བྱ་བའི་འཕེལ་རིམ་ལ་མུ་མཐུད་དུ་ལྟ་སྐུལ་ནན་མོ་བྱས་ནས།ལས་གཞིའི་འཛུགས་སྐྲུན་གྱི་འཕེལ་རིམ་སྔོན་དཔག་དང་མཐུན་པར་འགན་ལེན་བྱ་དགོས།བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ལ་དོ་དམ་ནན་མོ་བྱས་ཏེ། དུས་རྒྱུན་དུ་ལྟ་སྐུལ་བྱེད་པ་དང་། བཟོ་སྐྲུན་ལས་ཁུངས་ལ་མི་ཤུགས་དང་འཕྲུལ་ཆས་གསབ་སྣོན་བྱེད་པར་སྐུལ་འདེད་བྱས་ནས། གནས་སྤོ་བཀོད་སྒྲིག་ས་ཁུལ་གྱི་ཁང་པ་དང་སྒྲིག་ཆས་ཆ་ཚང་གི་འཛུགས་སྐྲུན་ལ་གཅིག་གྱུར་བཀོད་འདོམས་བྱ་དགོས་པ་མ་ཟད། མཛེས་བཟོ་དང་དྲོད་འདོན། སྦུག་ལམ་སོགས་ཀྱི་བཟོ་སྐྲུན་ལ་སྐུལ་འདེད་བྱས་ཏེ།འཛུགས་སྐྲུན་གྱི་རྒྱུ་ཆ་དང་བཟོ་རྩལ་ལ་དོ་དམ་ནན་མོ་བྱེད་པ་དང་།འཛུགས་སྐྲུན་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་བྱས་ནས་ཁང་པ་ལེགས་པོ་ཞིག་བསྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བྱས་ནས། ཡུལ་བབ་དང་མཐུན་པའི་སྒོ་ནས་རྗེས་མཐུད་རོགས་སྐྱོར་ཐོན་ལས་ཇུས་འགོད་བྱས་ཏེ། ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་དམ་འཛིན་དང་ཞིང་འབྲེལ་ཞིང་ཁྲིད་ལ་ཤུགས་བསྣན་ནས། མང་ཚོགས་གཏན་འཇགས་ངང་གནས་སྤོ་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་གུང་ཧོ་རྫོང་དང་ཁུལ་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱིས་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། བྱ་བའི་མཉམ་ཤུགས་གཅིག་ཏུ་ཆགས་པར་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་ལེགས་པོར་བསྒྲུབ་དགོས། སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་གནད་དོན་མཉམ་དུ་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་སྐུལ་སློང་དང་འགལ་བ་སེལ་བ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། རང་འགུལ་གྱིས་སྔོན་ལ་ཞབས་ཞུ་བསྒྲུབ་པ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། ལས་གཞིའི་འགག་རྩའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་བཅས་བྱས་ནས། གོང་འོག་མཉམ་འགུལ་དང་གཡས་གཡོན་མཉམ་ལས། མཉམ་འཛིན་དང་མཉམ་སྐྱོང་བཅས་ཀྱི་བྱ་བའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། བྱ་བའི་ཆེད་ལས་རུ་ཁག་གི་ནུས་པ་གང་ལེགས་བཏོན་ནས། ལས་དོན་བཀོད་གཏོང་ལ་ཤུགས་སྣོན་པ་དང་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། དུས་ཐོག་ཏུ་སྤུས་ཚད་མཐོ་བའི་སྒོ་ནས་གནས་སྤོ་བཀོད་སྒྲིག་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་ཞེས་བླང་བྱ་བཏོན།
ཁྲེ་ཞང་ཞན་ཚོགས་འདུར་ཞུགས།