གནས་ཚུལ། 详情

རང་ཁུལ་གྱིས་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་གཞི་རིམ་དུ་སྤེལ་བ།

དཔེ་ཀློག་མཚོ་སྔོན་ཞེས་པའི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། 2026ལོའི་དཔེ་ཀློག་གི་འཇིག་རྟེན་ནས་དུས་རབས་གསར་པར་རྒྱང་བལྟ་བྱེད་ཅེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་གི་བསྐྱོད་པ་དགུའི་བྱ་འགུལ་ནན་གྱིས་སྤེལ་ཆེད། ཟླ6པའི་ཚེས22ཉིན། མཚོ་ལྷོ་ཁུལ་གྱི་ཆེད་དོན་དཔེ་ཀློག་བྱ་འགུལ་སྔ་རྗེས་སུ་གུང་ཧོ་རྫོང་གྲོང་མིའི་ཞབས་ཞུ་ལྟེ་གནས་དང་ཏིང་ཀྱཱ་དགོན་པར་བསྐྱོད་དེ་དཔེ་ཀློག་གི་བྱ་འགུལ་སྤེལ་བ་རེད།

གུང་ཧོ་རྫོང་གྲོང་མིའི་ཞབས་ཞུ་ལྟེ་གནས་སུ། ལས་དོན་མི་སྣས་སྲིད་དོན་ཞབས་ཞུ་དང་ཤེས་དཔལ་ལག་ལེན། དེ་མིན་མི་རིགས་མཐུན་སྒྲིལ་གསར་གཏོད་བྱ་བའི་གྲུབ་འབྲས་བཅས་ངོ་སྤྲོད་བྱས་ཞིང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཡུལ་དངོས་སུ་སྲིད་ཇུས་ཁྲིམས་སྲོལ་དང་སྲོལ་རྒྱུན་རིག་གནས། མཚོ་སྔོན་དམངས་སྲོལ་སོགས་ཀྱི་དཔེ་དེབ་ཞལ་འདེབས་སུ་ཕུལ། ལས་སྟེགས་ཀྱི་ལས་དོན་མི་སྣས་སྲིད་དོན་གྱི་སྙན་ཚིག་ཀློག་པ་དང་སྙན་ངག་གྱེར་འདོན་བྱས་ཏེ། རང་གི་ལས་གནས་དང་ཟུང་འབྲེལ་སྒོས་དཔེ་ཀློག་གི་མྱོང་ཚོར་གླེང་པར་མ་ཟད། ཚང་མས་ཡུལ་དངོས་ཀྱི་ལས་སྒྲུབ་ཚོམས་ཆེན་དང་དཔེ་ཀློག་བྱ་ཡུལ་ལ་ལྟ་སྐོར་བྱས་ཏེ། སྲིད་དོན་ཞབས་ཞུ་དང་དམངས་ཡོངས་ཀྱི་དཔེ་ཀློག་གི་མཉམ་འདྲེས་བྱེད་སྟངས་ལ་ཉམས་ལེན་བྱས་པ་རེད།

བྱ་འགུལ་དེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏིང་ཀྱཱ་དགོན་པ་ནས་སྤེལ་བ་དང་།དགོན་པའི་དཔེ་མཛོད་ཁང་ལ་ཆོས་ལུགས་ཀྱི་བསྟན་བཅོས་དང་།ཞིང་ཆེན་གྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ།མི་རིགས་མཐུན་སྒྲིལ།སྐྱེ་ཁམས་ཁྲིམས་སྐྱོང་རིགས་ཀྱི་དཔེ་དེབ་བཅས་ཕུལ་བ་རེད།དགེ་འདུན་པའི་འཐུས་མིས་ནང་བསྟན་གསུང་རབ་བཀླག་ཚུལ་དང་དཔེ་ཀློག་གི་མྱོང་ཚོར་བརྗོད་པ་དང་།ཚོགས་ཞུགས་མི་སྣས་དཔེ་ཆའི་འགྲེམས་གནས་དང་རིག་གནས་སྤེལ་ཡུལ་ལ་ལྟ་སྐོར་བྱས་པ་རེད།

ཐེངས་འདིའི་བྱ་འགུལ་ལས་དཔེ་དེབ་ཞལ་འདེབས་སུ་ཕུལ་བ་གཞིར་བྱས་ཏེ།དཔེ་ཀློག་བགྲོ་གླེང་དང་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་དང་།དཔེ་ཀློག་གི་ཐོན་ཁུངས་ལེགས་པོ་བཅས་གཞི་རིམ་དུ་བསྐྱལ་བ་རེད།རང་ཁུལ་གྱིས་དཔེ་ཀློག་དང་སྲིད་དོན་ཟུང་འབྲེལ།དཔེ་ཀློག་དང་དགོན་སྡེ་རིག་གནས་ཟུང་འབྲེལ་བཅས་ཀྱི་ཁྱད་ལྡན་རྣམ་པར་སྐུལ་འདེད་ནུས་ལྡན་བྱས་པས།གཙང་གསུམ་མགོ་ཁུངས་དཔེ་ཀློག་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།དཔེ་ཀློག་གི་འཇིག་རྟེན་ནས་དུས་རབས་གསར་བར་རྒྱང་བལྟ་བྱེད་ཅེས་པའི་དཔེ་ཀློག་གི་སྤུས་རྟགས་བཏོད་ཡོད།


热门新闻

热门图库

热门排行