ལི་ཆང་གིས་ལིའོ་ཉིང་ཏ་ལེན་དུ་རྟོག་ཞིབ་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ6པའི་ཚེས22ཉིན་ལིའོ་ཉིན་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཕྱོགས་སུ་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད། གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྩོལ་དགོས།

ཟླ6ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལིའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་རྟོག་ཞིབ་གནང་། འདི་ནི་ལི་ཆང་གིས་ཏ་ལེན་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་རུ་ཁེ་ལས་འཆར་འགོད་གྲུབ་ཚུལ་དང་ལས་སྒོ་འཕེལ་རྒྱས། གཞི་གྲངས་རིག་ནུས་ཅན་གྱི་ཚུལ་སྒྱུར་སོགས་ཀྱི་མཚམས་སྦྱོར་དང་ཏ་ལེན་གྲོང་ཁྱེར་གྲུ་གཟིངས་བཟོ་ལས་འཕེལ་རྒྱས་ཀྱི་སྙན་ཞུར་གསན་པའི་ཚུལ་རེད།
ལི་ཆང་ཐོག་མར་ཏ་ལེན་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སིར་ཕེབས་ཏེ། ཁེ་ལས་ཀྱི་ལས་སྒོ་འཕེལ་རྒྱས་སོགས་ཀྱི་མཚམས་སྦྱོར་དང་ཏ་ལེན་གྲོང་ཁྱེར་གྱི་གྲུ་གཟིངས་བཟོ་ལས་འཕེལ་རྒྱས་ཀྱི་སྙན་ཞུར་གསན། འཛུགས་སྐྲུན་བྱེད་བཞིན་པའི་གྲུ་གཟིངས་སྟེང་ཕེབས་ཏེ། གཤེར་འགྱུར་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས་སོགས་གྲུ་གཟིངས་བཟོ་སྐྲུན་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་རྩེར་སོན་གྲུ་གཟིངས་བཟོ་སྐྲུན་ལ་ལག་རྩལ་མཐོ་བ་དང་དཀའ་ཚེགས་ཆེ་བ། ཟུར་སྣོན་རིན་ཐང་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་བསྟན། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་བསྣན་ཏེ། འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་དགོས་པ་མ་ཟད། ལག་རྩལ་བྱང་ཆུབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ལག་རྩལ་རྐང་འཛིན་པ་དང་ཐོན་ལས་བཟོ་པ་ཁག་ཅིག་གསོ་སྐྱོང་བྱས་ཏེ། རང་བརྟེན་གསར་གཏོད་བྱེད་ནུས་སྔར་ལས་མཐོ་རུ་གཏོང་དགོས་པ་དང་། ལས་གཉེར་འདུ་ཤེས་གསར་གཏོད་དང་ཐོན་རྫས། ཞབས་ཞུ་བཅས་རིམ་འཇུག་རིམ་སྤོར་ལ་བརྟེན་ནས་ཁྲོམ་ར་གསར་གཏོད་དང་ཁྲོམ་རར་སྣེ་ཁྲིད་བྱེད་དགོས། ཏ་ལེན་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱིས་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་ཅུང་ལེགས་པས། རྒྱལ་སྤྱིའི་མདུན་གྲལ་ལ་དམ་པོར་དམིགས་དགོས་པ་མ་ཟད། འགག་རྩའི་ཁྱབ་ཁོངས་སུ་མུ་མཐུད་དུ་འགག་སྒྲོལ་བྱེད་པར་དམིགས་ཏེ། ལས་རིགས་ནང་ཁུལ་གྱི་བསམ་བློ་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཧུར་ཐག་སྒོས་གཏོད་དགོས་པ་མ་ཟད་འཛམ་གླིང་གི་གྲུ་བཟོའི་རྟེན་གཞི་རྩེ་གྲ་བསྐྲུན་དགོས།

ཟླ6ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལིའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་རྟོག་ཞིབ་གནང་། འདི་ནི་ལི་ཆང་གིས་ལྕི་བའི་བཟོ་ལས་སྡེ་ཚོགས་ཏ་ལེན་ཉིང་རྡུལ་གློག་འདོན་ཚད་ཡོད་ཀུང་སི་རུ་ཉིང་རྡུལ་གློག་ཤུགས་དང་རྡོ་སྣུམ་རྫས་འགྱུར་སོགས་ཀྱི་སྒྲིག་ཆས་ཞིབ་བཟོ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་བའི་ཚུལ་རེད།
ལྕི་བའི་བཟོ་ལས་སྡེ་ཚོགས་ཏ་ལེན་ཉིང་རྡུལ་གློག་འདོན་ཚད་ཡོད་ཀུང་སི་རུ། ལི་ཆང་གིས་ཉིང་གློག་དང་རྡོ་སྣུམ་རྫས་འགྱུར་སོགས་ཀྱི་སྒྲིག་ཆས་ཞིབ་བཟོ་གནས་ཚུལ་ལ་རྒྱུས་ལོན་མཛད། འཁོར་ཁང་དུ་ཕེབས་ཏེ་ཉིང་རྡུལ་འགྱུར་འབྱུང་གི་གནོན་ཤུགས་ཤོང་ཆས་ལས་སྣོན་དང་བཟོ་སྐྲུན་ལ་གཟིགས་ཞིབ་གནང་། ཁོང་གིས་སྔོན་ཐོན་ཉིང་གློག་སོགས་རྩེར་སོན་སྒྲིག་ཆས་ཀྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་དང་ཐོན་ལས། ཚན་རྩལ་བདེ་འཇགས་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་ནན་གྱིས་བསྟན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་གྲུབ་འབྲས་གང་མགྱོགས་སྒོས་གཞན་སྒྱུར་བྱེད་དགོས་ལ། གསར་རྩོམ་ཇུས་འགོད་བྱེད་ནུས་དང་ཞིབ་ལས་བཟོ་སྐྲུན་བྱེད་ནུས་ཆེ་རུ་བཏང་སྟེ། ཉིང་གློག་ལག་རྩལ་རབས་རབས་གསར་པ་བདེ་འཇགས་ངང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ལི་ཆང་གིས་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་གསོ་སྐྱོང་དང་རྒྱ་ཆེར་གཏོང་དགོས་པ་མ་ཟད། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་དང་རིམ་སྤར་ཡང་བྱེད་དགོས། རྩེར་སོན་རྡོ་སྣུམ་རྫས་འགྱུར་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཐོན་ལས་ཀྱི་སྤུས་འདེགས་ཕན་བསྐྱེད་ཐད་རྨང་གཞིའི་རང་བཞིན་གྱི་ནུས་པ་གལ་ཆེན་ལྡན་ལ། གྲངས་རིག་ལག་རྩལ་གྱི་ནུས་སྩོལ་ལ་ཤུགས་བསྣན་ནས། ཚད་ལྡན་གྱི་གསར་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁོར་ཡུག་སྲུང་སྐྱོབ་དང་ནུས་འབྲས་སོགས་ཚད་ལྡན་དོ་དམ་ཇེ་དམ་དུ་གཏོང་དགོས་ལ། མཚོན་རྟགས་རང་བཞིན་གྱི་ལག་རྩལ་སྒྲིག་ཆས་གལ་ཆེན་ཁག་ཅིག་ཐོད་བརྒལ་བྱས་ཏེ། སྲོག་ཤིང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལི་ཆང་གིས་ད་དུང་ཡུལ་དངོས་ཀྱི་ལག་རྩལ་མི་སྣར་བསམ་བློ་བརྗེ་རེས་གནང་བ་མ་ཟད་ཁོ་ཚོར་ལག་ཤེས་པའི་སྙིང་སྟོབས་དར་སྤེལ་བཏང་ནས། ཁེ་ལས་འཕེལ་རྒྱས་དང་རྒྱལ་ཁབ་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་གནང་།
ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་བྱས། །