རྒྱལ་སྤྱི། 详情

ཨུ་རུ་སུས་ཝུའུ་ཁི་ལན་གྱི་ཟོང་འགྲུལ་ལྟེ་གནས་ལ་རྡུང་རྡེག་བཏང་ཚུལ་བསྟན། ཝུའུ་ཁི་ལན་གྱིས་རྒྱལ་ཁོངས་བརྒལ་བའི་རྡུང་རྡེག་གཏོང་རྒྱུ་ཡིན་ཚུལ་བསྟན།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས22ཉིན་བསྟན་དོན། ཨུ་རུ་སུའི་དམག་ཕྱོགས་ཀྱི་མཁའ་ཟོན་དམག་དཔུང་གིས་པིས་ཨར་ཀོ་ལའོ་ཏི་མངའ་སྡེ་དང་པུའུ་ལིང་སི་ཁི་མངའ་སྡེ། མོ་སི་ཁོའི་ས་ཁུལ་སོགས་ཀྱི་བར་སྣང་དུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ301བཀག་པ་མ་ཟད་རྩ་གཏོར་བཏང་། ཨུ་རུ་སུ་ཕྱོགས་ཀྱིས་ད་དུང་མི་མེད་གནམ་གྲུར་བརྟེན་ནས་ཧ་འར་ཁི་ཧྥུའུ་ས་ཁུལ་གྱི་ཝུའུ་ཁི་ལན་དམག་དཔུང་གི་གསོག་ཉར་མཚོན་ཆ་དང་མི་མེད་གནམ་གྲུའི་ཟོང་འགྲུལ་ལྟེ་གནས་ཆེ་གྲས་ཤིག་ལ་རྡུང་རྡེག་བཏང་བ་བསྟན། 

ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་ཉེར་གཉིས་ཉིན་ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སུའི་དམག་དཔུང་གི་བཀོད་འདོམས་ཁང་དང་མི་སྣ་བསྡུ་རུབ་ཁུལ་སོགས་ལ་རྡུང་རྡེག་བཏང་བ་བསྟན། ཝུའུ་ཁི་ལན་ཕྱོགས་ཀྱིས་ད་དུང་ཨུ་རུ་སུའི་མངའ་ཁོངས་ཀྱི་དམག་དོན་བཟོ་གྲྭ་དང་སྣུམ་མཛོད། རླངས་གསོག་སྒྲིག་བཀོད་སོགས་ཀྱི་ལྟེ་བའི་དམིགས་འབེན་གཏན་འཁེལ་བྱས་ཏེ། རྒྱལ་ཁོངས་བརྒལ་བའི་རྡུང་རྡེག་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ་ཡིན་ཚུལ་བསྟན།

热门新闻

热门图库

热门排行