སྲིད་དོན། 详情

མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པས་ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱས།

ཟླ6པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་འཁོར་དང་བཅས་པས་ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱས་ཏེ། ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་ཟིའི་ཏུང་ཧྲིའམ་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཡུས་པོར་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་ཀྱིས་ཀྲུང་དབྱང་ཁེ་ལས་དང་ས་གནས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཁ་གཏད་རོགས་སྐྱོར་བྱ་བའི་ཐད་ནས་བཞུགས་མོལ་བྱས་ཏེ་བསམ་ཚུལ་བརྗེ་རེས་བྱས།

ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲུང་གོ་ཏཱ་ཐང་གིས་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དརསྤེལ་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་གནས་ཚུལ་ཡང་མཚམས་སྦྱོར་བྱས་པ་རེད། ཁོས་ཀྲུང་གོ་ཏཱ་ཐང་ནི་གོ་ལ་ཧྲིལ་པོའི་ནུས་རྒྱུ་ལས་རིགས་ཀྱི་ཁེ་ལས་རྩེ་གྲ་ཡིན་པའི་ཆ་ནས། ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་སྲིད་ཇུས་ཀྱི་སྐབས་གླགས་དམ་འཛིན་བྱེད་པ་དང་། ལས་གཞིའི་བཀོད་སྒྲིག་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ། སྲིད་ཁེ་མ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་པས། ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཟང་བ་དང་མཉམ་ལས་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་བླངས་ཡོད། གྲུབ་འབྲས་དེ་ལས་ཏཱ་ཐང་ཚོགས་པའི་ཏང་ཨུ་དང་ལས་བཟོ་པ་ཡོངས་ཀྱི་ཆབ་སྲིད་ཀྱི་འགན་འཁྲིའི་འཁུར་སེམས་དང་། རྒྱལ་དབང་ཁེ་ལས་ཀྱི་འགན་འཁྲི། དམངས་ལ་ཕུལ་བའི་བརྩེ་སེམས་བཅས་མངོན་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དངོས་སྒྲུབ་ཀྱི་འགན་འཁྲིའི་འཁུར་སེམས་དང་། དཀའ་སྤྱད་འབད་བརྩོན་བྱེད་པའི་སྙིང་སྟོབས་ལ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚད་མཐོའི་ཁས་ལེན་ཐོབ་ཡོད་ཟེར། ཏཱ་ཐང་ཚོགས་པས་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ཁུངས་དང་། ལག་རྩལ། ཐོན་ལས་བཅས་ཀྱི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་།  རང་ཁུལ་གྱི་ནུས་ཁུངས་གཙང་མའི་གཞི་ཁྱོན་ཅན་གྱི་གསར་སྤེལ་དང་། ཞིང་ཕྱུགས་ཐོན་རྫས་འཛད་སྤྱོད་རོགས་སྐྱོར་ཁྱབ་ཁོངས་ཀྱི་འཆར་འགོད་བཀོད་སྒྲིག་དང་། མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་མཉམ་སྐྲུན་མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ། ས་གནས་གཉིས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་ཐད་གྲུབ་འབྲས་གསར་པ་ཞིག་ལེན་པར་སྐུལ་འདེད་གཏོང་རྒྱུའི་རེ་བའང་ཡོད་ཟེར།

ཡུས་པོ་ཡིས་ཚོགས་པའི་ཚབ་བྱས་ནས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཚོགས་པའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་ངོ་སྤྲོད་བྱས་པ་རེད། ཁོས་ཀྲུང་གོ་ཏཱ་ཐང་ཚོགས་པས་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་འཁུར་ནས་མཚོ་ལྷོ་ཁུལ་དང་ནུས་རྒྱུ་གསར་པ་གསར་སྤེལ། ཁ་གཏད་རོགས་སྐྱོར་མཉམ་ལས། དྭངས་གཙང་དྲོད་རླངས་མཁོ་འདོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ལག་རྩལ་གསར་གཏོད་དོན་ཐོག་ཏུ་འཁྱོལ་བ། ཐོན་ལས་ལས་གཞི་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས། མཚོ་ལྷོ་ཁུལ་དང་ཞིན་ཧེ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་གྱི་ལས་དོན་སོ་སོ་མཉམ་དུ་སྤུས་མཐོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


热门新闻

热门图库

热门排行