གནད་བསྡུས། 详情

མཚོ་ནུབ་ཁུལ་གྱི་ས་ཡོམ་རིམ་པ6.3བྱུང་རྗེས་ཀྱི་འཕྲལ་བསྟུན་ཐག་གཅོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་པ།

 

པར་འདི་ནི་ཟླ6པའི་ཚེས17ཉིན་མེ་ཟོན་རོགས་སྐྱོབ་མི་སྣས་མཚོ་ནུབ་ཁུལ་གྱི་བཀོད་སྒྲིག་ས་ཚིགས་ཤིག་ཏུ་བསྡུ་རུབ་བྱེད་བཞིན་པའི་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད17དང་སྐར་མ06གི་སྟེང་། མཚོ་སྔོན་མཚོ་ནུབ་ཁུལ་དུ་ས་ཡོམ་རིམ་པ6.3བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10ཟིན་ཡོད།

   ཡོམ་འཕྲོ་དང་ཡོམ་ལྷག་ནུས་ལྡན་ངང་འགོག་ཆེད། ས་གནས་དེ་གས་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ5བཙུགས་ནས། གནོད་འཚེ་ཕོག་པའི་མང་ཚོགས3000ཙམ་བཀོད་སྒྲིག་འོས་འཚམ་བྱས་པ་དང་། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་དགེ་སློབ1286སྔོན་ལ་བཀོད་སྒྲིག་དང་གནས་སྤོར་བྱས་པ། ཆུ་དང་སྟབས་བདེའི་ཟས་རིགས་འདང་ངེས་ཡོད་པ། གཉེན་ཉེ་དང་གྲོགས་པོར་རྒྱབ་རྟེན་བཅོལ་བ་དང་། ས་ཆ་གཞན་དུ་གནས་སྤོར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། གནོད་འཚེ་ཕོག་པའི་མང་ཚོགས་གོ་རིམ་ལྡན་པའི་ངང་ཁ་བཀྲམ་པ་རེད། །

པར་འདི་ནི་ཟླ6པའི་ཚེས17ཉིན་པར་བླངས་པའི་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་རིག་གནས་ལུས་རྩལ་བྱེད་སྒོའི་ལྟེ་གནས་ཀྱི་སྨན་བཅོས་བཀོད་སྒྲིག་ས་ཚིགས་རེད།

པར་འདི་ནི་ཟླ6པའི་ཚེས17ཉིན་གྱི་སྐྱ་རེངས་ལ་མེ་ཟོན་རོགས་སྐྱོབ་མི་སྣས་མཚོ་སྔོན་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་རིག་གནས་ལུས་རྩལ་བྱེད་སྒོའི་ལྟེ་གནས་ཀྱི་བཀོད་སྒྲིག་ས་ཚིགས་ཉེ་འགྲམ་དུ་གུར་ཕུབ་པའི་ཚུལ་རེད། 

པར་འདི་ནི་ཟླ6པའི་ཚེས17ཉིན་གྱི་སྐྱ་རེངས་ལ་མེ་ཟོན་རོགས་སྐྱོབ་མི་སྣས་མཚོ་སྔོན་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་རིག་གནས་ལུས་རྩལ་བྱེད་སྒོའི་ལྟེ་གནས་བཀོད་སྒྲིག་ས་ཚིགས་ཀྱི་ཉེ་འགྲམ་དུ་གུར་ཕུབ་པའི་ཚུལ་རེད། 

པར་འདི་ནི་ཟླ6པའི་ཚེས17ཉིན་པར་བླངས་བའི་མཚོ་སྔོན་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་རིག་གནས་ལུས་རྩལ་བྱེད་སྒོའི་ལྟེ་གནས་ཀྱི་བཀོད་སྒྲིག་ས་ཚིགས་རེད།



热门新闻

热门图库

热门排行