རྒྱལ་སྤྱི། 详情

སི་རི་ཡཱའི་རྒྱལ་སྤྱིའི་མཚོ་འོག་གི་འོད་སྐུད་ཅིག་ལ་གཏོར་བརླག་ཐེབས།


སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་འཕྲིན་གཏོང་ཀུང་ཟི་ཡིས་བསྟན་དོན། སི་རི་ཡཱའི་ནུབ་ཕྱོགས་ཀྱི་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་དང་ཨེ་ཅིབ་ཀྱི་ཡཱ་ལེ་ཧྲན་ཏཱ་གྲུ་ཁ་གཅིག་ཏུ་སྦྲེལ་བའི་རྒྱལ་སྤྱིའི་མཚོ་འོག་གི་འོད་སྐུད་ལ་ཉིན་དེར་གཏོར་བརླག་ཐེབས་ཏེ། སི་རི་ཡཱའི་རྒྱལ་སྤྱིའི་དྲ་རྒྱའི་ཞབས་ཞུ་མང་ཆེ་བ་མཚམས་ཆད་པ་དང་། སི་རི་ཡཱའི་ཞིང་ཆེན་སོ་སོའི་མཉམ་འབྲེལ་དྲ་རྒྱའི་ཞབས་ཞུར་ཡོངས་ཁྱབ་ཏུ་གནོད་པ་ཐེབས་ཡོད་ཟེར།

སི་རི་ཡཱའི་རྒྱལ་དབང་འཕྲིན་གཏོང་ཚོང་གཉེར་ཀུང་ཟི་དེས་བསྟན་དོན། འོད་སྐུད་དེར་ཐཱ་ཨར་ཐུའུ་སི་མཚོ་འགྲམ་ནས་གཏོར་བརླག་ཐེབས་རྗེས། ཀུང་ཟི་དེས་དགོས་ངེས་ཀྱི་ལག་རྩལ་བྱེད་ཐབས་སྤྱད་དེ་ཞབས་ཞུའི་ཐད་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་བ་དང་། ཞོར་དུ་ཆེད་ལས་ལག་རྩལ་ཆེད་མཁས་པ་གདན་དྲངས་ནས་འོད་སྐུད་ཀྱི་ཞིག་གསོའི་བྱ་བའི་ཁྲོད་ཞུགས་སུ་བཅུག་ཡོད་ལ། གཏོར་བརླག་ཐེབས་པའི་དྲ་རྒྱ་མྱུར་མོར་སླར་གསོ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།

ཀུང་ཟི་དེས་བཤད་རྒྱུར། མཚོ་འོག་གི་འོད་སྐུད་ཞིག་གསོ་བྱ་བར་རྙོག་འཛིང་ཆེ་བ་དང་ལག་རྩལ་མཐོ་དགོས་ལ། ཆེད་སྤྱོད་ཀྱི་སྒྲིག་ཆས་དང་བཟོ་རྩལ་མཁོ་བས། ཞིག་གསོ་བྱས་ཏེ་ཞབས་ཞུ་སླར་གསོ་བྱེད་པར་དུས་ཚོད་ངེས་ཅན་ཞིག་མཁོ་ངེས་རེད་ཟེར།



热门新闻

热门图库

热门排行