གནད་བསྡུས། 详情

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་གནོད་འགོག་གནོད་འཕྲི་གནོད་སྐྱོབ་བྱ་བར་རྟོག་ཞིབ་བྱས།

ཟླ6པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་གནོད་འགོག་གནོད་འཕྲི་གནོད་སྐྱོབ་བྱ་བར་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་འཕྲི་གནོད་སྐྱོབ་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱེད་པ།   ཞོད་འགོག་དང་ཞོད་འགོག་གྲ་སྒྲིག་གི“རང་འགུལ་དམག་འཐབ་”ཡག་པོ་རྒྱག་པ། རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་ནུས་པ་རྒྱུན་ཆད་མེད་པར་འགོག་ཟོན་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་སྲུང་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧོང་ཅ་ཀྲའེ་གྲོང་རྡལ་དབྱང་ཅ་ཀྲའེ་སྡེ་བའི་ས་གཤིས་གནོད་འཚེ་གཡོལ་བའི་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་དང་། ཅིང་དབྱང་གྲོང་རྡལ་ཅིན་ཁྲུང་འཕྲལ་བསྟུན་ཉེན་གཡོལ་ལྟེ་གནས་སུ་སོང་ནས། ཆུ་ལོག་བྱུང་བའི་དུས་སྐབས་ཀྱི་བདེ་འཇགས་ཉེན་ཁའི་འགོག་ཟོན་ཉམས་མྱོང་དང་བྱེད་སྟངས་རྒྱུས་ལོན་བྱས་པ་དང་། རྣམ་གྲངས་ཀྱི་གནས་ཡུལ་འདེམས་པ་དང་ཆ་ཚང་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད་གནས་སྤོས་མང་ཚོགས་ལ་འཚམས་འདྲི་བྱས། ཁོ་ཚོས་བསྟན་དོན། འཕྲལ་བསྟུན་ཉེན་གཡོལ་ས་ཚིགས་ཀྱི་ཚད་ལྡན་ཅན་སྒྱུར་བཀོད་དང་། བེད་མེད་དུ་ལུས་པའི་རྒྱུ་ནོར་བེད་སྤྱོད་ནུས་ལྡན་བྱེད་པ།     སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་རྒྱ་ཆེར་སྤེལ་བ་བཅས་བྱས་ཏེ་གཞི་རིམ་གྱི་འཕྲལ་བསྟུན་འགོག་སྲུང་དྲ་རྒྱ་སྔར་བས་ཚགས་དམ་པོ་དང་བརྟན་པོ་བཟོ་དགོས། སྐབས་བརྗེའི་རིང་གི་ཞོད་འགོག་འགན་འཁྲི་གཟབ་ནན་དུ་བཏང་ནས། ལས་སྒོ་སྦྱོང་བརྡར་དང “རྙིང་པས་གསར་པར་སྣེ་ཁྲིད”སོགས་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས། གསར་དུ་བསྐོ་འཇོག་བྱས་པའི་ལས་བྱེད་པའི་འཕྲལ་བསྟུན་ཐོལ་བྱུང་ཐག་གཅོད་དང་། གནོད་འགོག་གནོད་འཕྲི་གནོད་སྐྱོབ་ཀྱི་ནུས་པ་དངོས་གནས་མཐོར་འདེགས་སུ་གཏོང་དགོས། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་སོགས་ཀྱི་བྱ་བ་དངོས་གནས་ལེགས་པོར་བསྒྲུབས་ཏེ། སློབ་གསོ་དང་ལས་ཞུགས་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་བརྟན་པོར་གནས་ཐུབ་པ།  འཕེལ་རྒྱས་ཐུབ་པ་བཅས་བྱས་ཏེ། བློ་སེམས་བདེ་ཞིང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་དགོས་ཞེས་བསྟན།

ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་དང་མཁར་ནུབ་ཆུས་ཀྱི་ཕྱོགས་བསྡུས་འཕྲལ་བསྟུན་དངོས་རྫས་གསོག་འཇོག་མཛོད་ཁང་དུ་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་གྱི་དམའ་དབྱིངས་རིག་ནུས་མཁའ་འགྲུལ་ཉེར་སྤྱོད་སྟེགས་བུ་དང་འཕྲལ་བསྟུན་དངོས་རྫས་རིག་ནུས་མཛོད་ཉར་མ་ལག་གི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོ་ཚོས་བསྟན་དོན། ཚད་མཐའི་བསམ་གཞིགས་བརྟན་པོ་འཛུགས་པ་དང་།     འཕྲལ་བསྟུན་དངོས་ཟོག་གསོག་ཉར་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ། བློ་རིག་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། དངོས་རྫས་དུས་ལྟར་བརྗེ་རེས་དང་སྒྲིག་ཆས་བདག་སྐྱོང་དང་སྲུང་སྐྱོང་ཡག་པོ་བྱེད་པ།     བཀོལ་སྤྱོད་བྱེད་ཆོག་པའི་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ཁྱོན་ཡོངས་ནས་ལེགས་སྒྲིག་དང་ཁོང་དུ་ཆུད་པ་བཅས་བྱས་ནས། གནད་འགག་གི་དུས་སུ་བཀོལ་སྤྱོད་ཐུབ་པ་དང་སྐྱེལ་འདྲེན་མགྱོགས་པ། བེད་སྤྱོད་ཐུབ་པ་བཅས་ཁག་ཐེག་བྱེད་དགོས།  མི་མེད་གནམ་གྲུ་སོགས་དེང་རབས་ཚན་རྩལ་ལག་ཐབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  གནོད་འཚེའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ།  བཅོས་སྐྱོང་བྱེད་སྟངས་དེ་སྔོན་ལ་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།  དམའ་དབྱིངས་དཔལ་འབྱོར་གྱི་ཉེར་སྤྱོད་རྣམ་པ་སྔར་བས་རྒྱ་ཆེར་བཏང་ནས། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོའི་རང་བྱུང་ཐོན་ཁུངས་དོ་དམ་དང་། ས་ཁམས་གཞི་གྲངས་འཚོལ་བསྡུ། གྲོང་ཁྱེར་བཅོས་སྐྱོང་སྐོར་ཞིབ་སོགས་མངའ་ཁོངས་ཀྱི་སྣ་མང་དགོས་མཁོར་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། རང་ཞིང་དུ་དམིགས་བསལ་གནམ་གཤིས་ངན་པ་འབྱུང་ཐེངས་མང་བ་དང་ཡང་ཡང་འབྱུང་བཞིན་ཡོད། ཆུ་ལོག་དང་འདམ་རུད།  རི་ཉིལ་བ་སོགས་ས་གཤིས་གནོད་འཚེ་ཡང་ཡང་འབྱུང་བཞིན་ཡོད་པས། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་དང་དུས་ཚོད་ཀྱི་བདེ་འཇགས་སྲུང་འཛིན་རྒྱུན་འཁྱོངས་བྱས་ནས། གནོད་འགོག་གནོད་འཕྲི་གནོད་སྐྱོབ་ཀྱི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་འཛུགས་དགོས། རིམ་པ་སོ་སོའི་འགན་འཁྲི་དམ་འཛིན་ནན་མོ་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ལྟ་ཞིབ་ཚད་ལེན་སྐོར་ཞིབ་དང་ལས་རེས་བྱེད་པ། ཆ་འཕྲིན་སྐུར་བ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། འགན་འཁྲིའི་མུ་ཕྲེང་གཟབ་ནན་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། ཚན་རྩལ་མཐོ་གྲས་དང“ས་གནས་ཀྱི་ཐབས་ཤེས”ཟུང་འབྲེལ་བྱས་ནས། ཁྱོན་ཡོངས་ནས་གཙོ་གནད་ས་ཁོངས་དང་གཙོ་གནད་ས་གནས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཞིབ་ཚགས་བྱས་ཏེ། རྟག་ཏུ་སེམས་བདེ་ལ་འབབ་མི་ཐུབ་པ་དང་བྱ་བ་ཚང་མར་སེམས་སུ་གདེང་ཚོད་ཡོད་པར་བྱས་ནས། ནུས་ཤུགས་ཡོད་རྒུས་ཞོད་དུས་བདེ་འཇགས་ངང་སྒྲོལ་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་རྟོག་ཞིབ་ལ་ཞུགས།


热门新闻

热门图库

热门排行