མཚོ་ལྷོ་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།



ཟླ6པའི་ཚེས16ཉིན། མཚོ་ལྷོ་ཁུལ་གྱི2026ལོའི་བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་སྒྲོག་བློ་འདྲིའི་ཉིན་མོའི་ཚོགས་ར་གཙོ་བོ་དེ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཚོ་སྔོན་པོ་ཐང་ཆེན་དུ་མགོ་བརྩམས་པ་རེད། སྡེ་ཁག་མང་པོས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། སྲིད་ཇུས་དྲིལ་སྒྲོག་དང་དཔེ་མཚོན་ཉེན་བརྡའི་སློབ་གསོ། སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས། དེ་མིན་ཚན་རིག་ཁྱབ་གདལ་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཕྱོགས་ཡོངས་ནས་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བ་རེད། རྫོང་སོ་སོས་དུས་གཅིག་ཏུ་ཡན་ལག་ཚོགས་ར་བཙུགས་ནས། གོང་འོག་མཉམ་འགུལ་གྱིས་ཁུལ་ཡོངས་ཀྱི་བདེ་འཇགས་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་གཅིག་སྡུད་དྲིལ་སྒྲོག་གི་བྱ་བ་དངོས་སུ་མགོ་བརྩམས་པ་རེད།