པར་རིས་གསལ་བཤད། 详情

སྐབས་བཅུ་གཉིས་པའི་ཀྲུང་གོའི(ཧྲང་ཧའེ་)རྒྱལ་སྤྱིའི་ལག་རྩལ་ནང་འདྲེན་ཕྱིར་གཏོང་ཉོ་ཚོང་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ།

2026-06-17 16:30:10 来源: 作者: 编辑:超级管理员

  ཉེ་ཆར། སྐབས་བཅུ་གཉིས་པའི་ཀྲུང་གོའི(ཧྲང་ཧའེ་)རྒྱལ་སྤྱིའི་ལག་རྩལ་ནང་འདྲེན་ཕྱིར་གཏོང་ཉོ་ཚོང་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ་རེད། མཚོ་ལྷོ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྤུས་ལེགས་ཁེ་ལས10འགྲེམས་སྟོན་ནང་ཞུགས་པར་སྒྲིག་འཛུགས་བྱས་ཏེ། མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་དང་བོད་སྨན་ཐོན་རྫས། ཤུལ་བཞག་རིག་གནས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་པ་རེད། ཐེངས་འདིའི་འགྲེམས་ཚོགས་སྟེང་ཁེ་ལས་བར་གྲོས་མཐུན་གྱི་གན་རྒྱ5བཞག་ནས། དངུལ་འབོར་སྒོར་ཁྲི2005.6ལ་ཟིན་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་རེད། ཁེ་ལས་ཁ་ཅིག་ལས་རིགས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་ཏེ།ནས་ཀྱི་ལས་སྣོན་དང་བོད་ཀྱི་བཙགས་དྲུབ་ཤུལ་བཞག་རིག་གནས་སོགས་ཁྱད་ལྡན་ཐོན་ལས་དྲིལ་བསྒྲགས་བྱས་པས། མཚོ་ལྷོའི་སྐྱེ་ཁམས་སྤུས་རྟགས་གཟེངས་སུ་ཐོན་པར་བྱས་ཡོད།

热门新闻

热门图库

热门排行