ཁུལ་ཁྲིམས་འཛིན་ཅུའུ་ཡིས་ཁྲིམས་ལུགས་དྲིལ་སྒྲོག་གི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་སྤེལ་བ།


ཟླ6ཚེས17ཉིན།ཁུལ་ཁྲིམས་འཛིན་ཅུའུ་ཡིས་ཁུལ་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་དོན་དངོས་ལ་གཞི་ཚུགས་ནས།གུང་ཧོ་རྫོང་གི་སྡེ་བ་དང་སྡོད་ཁུལ་ཁ་ཤས་སུ་བསྐྱོད་དེ།ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པའི་ཁྲིམས་ལུགས་དྲིལ་སྒྲོག་གི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་སྤེལ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་འཁྲབ་སྟོན་གྱི་དྲིལ་སྒྲོག་བྱེད་ཐབས་བརྒྱུད་དེ།དམས་ཀྱི་འཚོ་བ་དངོས་དང་འབྲེལ་འདྲིས་ཆེ་བའི་ཁྲིམས་སྐྱོང་གི་གསོལ་སྟོན་ཆེན་མོ་ཞིག་རོང་འབྲོག་མང་ཚོགས་ཀྱི་སྒོ་ཁར་བསྐྱལ་ནས།གཞི་རིམ་མང་ཚོགས་ཀྱི་ཁྲིམས་སྐྱོང་གོ་རྟོགས་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་པ་མཐོར་འདེགས་བཏང་སྟེ། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་རེད།