གཙོ་གནད།2 详情

མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་རྒྱལ་ཁབ་ཆུ་བེད་པུའུ་རུ་ཕྱིན་ནས་འཚམས་འདྲི་དང་བྱ་བར་སྦྲེལ་མཐུད་བྱས་པ།

རང་ཚགས་པར་གྱི་འཕྲིན།  ཟླ6པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་འཁོར་དང་བཅས་པ་རྒྱལ་ཁབ་ཆུ་བེད་པུའུ་རུ་ཕྱིན་ནས་འཚམས་འདྲི་དང་བྱ་བར་སྦྲེལ་མཐུད་བྱས་ཤིང་། རྒྱལ་ཁབ་ཆུ་བེད་པུའུ་ཡི་ཏང་ཙུའུ་ཁོངས་མིའམ་པུའུ་ཀྲང་གཞོན་པ་ཝང་པའོ་ཨེན་དང་མཇལ་འཕྲད་གནང་བ་མ་ཟད། ཁ་གཏད་རོགས་སྐྱོར་གྱི་ལས་དོན་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བཞུགས་མོལ་ཚོགས་འདུ་བསྡུས་པ་རེད།

ཞུང་ཡོན་ལའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ཏེ། རྒྱལ་ཁབ་ཆུ་བེད་པུའུ་ཡིས་དུས་ཡུན་རིང་པོའི་ནང་མཚོ་ལྷོ་ཁུལ་དང་ཁྲི་ཀ་རྫོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར། མཛུབ་ཁྲིད་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོས་ཉེ་བའི་ལོ་ཤས་རིང་ལ་རྒྱལ་ཁབ་ཆུ་བེད་པུས་མཚོ་ལྷོའི་དགོས་མཁོ་ཐད་འཕེལ་རྒྱས་འཆར་འགོད་བཟོ་བ་དང་། ཆུ་བེད་ཀྱི་འགག་རྩའི་ལས་གཞི་མང་པོ་འཛུགས་སྐྲུན། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་། ཆེད་དོན་མ་དངུལ་འགན་སྲུང་སོགས་ཀྱི་ཁྱབ་ཁོངས་སུ་རྒྱབ་སྐྱོར་བྱས་པ་དང་། ཆུ་བེད་པུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་གཞི་རིམ་དུ་རྐང་ཚུགས་ནས། རང་འགན་གཙང་སྒྲུབ་དང་རང་ངོས་ཀྱི་ཆེད་ལས་ལག་རྩལ། ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། རོགས་སྐྱོར་གྱི་དགོས་མཁོ་གནད་འཁེལ་སྦྲེལ་མཐུད་བྱེད་པ། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱེད་པ། ཞིང་ལས་ཀྱི་ཆུ་གྲོན་ཆུང་གི་དཔེ་སྟོན་དང་། ཆུ་ཁུངས་བཅོས་སྐྱོང་། དམངས་ཚིས་ཆུ་མཁོ་འདོན་སོགས་གཙོ་གནད་རོགས་སྐྱོར་ལས་གཞི་ཁག་ཅིག་ལ་སྐུལ་འདེད་གཏོང་བ་དང་ཕན་འབྲས་ཐོན་པ། ས་གནས་ཀྱི་ཆུ་བེད་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ཏེ། མཚོ་ལྷོ་ཁུལ་དང་ཁྲི་ཀ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་ཆུ་བེད་ཀྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད་ཟེར། ཁོས་ད་རུང་མཚོ་ལྷོ་ཁུལ་གྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། ཆུ་བེད་ལས་གཞི་གལ་ཆེན་གྱི་བཀོད་སྒྲིག་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར། ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་སོགས་ཀྱི་ཐད་ལ་གཟིགས་སྐྱོང་མཛུབ་སྟོན་བྱས་ནས། ཁུལ་ཡོངས་ཀྱིས་ཆུ་བེད་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བར་རམ་འདེགས་བྱ་དགོས་པའི་རེ་བའང་བཏོན།

 ཝང་པའོ་ཨེན་གྱིས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཡོང་བར་དགའ་བསུ་ཞུས། ཁོས་ཆུ་བེད་པུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ལས་དོན་སྒྲུབ་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། མཚོ་ལྷོ་ཁུལ་དང་ཁྲི་ཀ་རྫོང་གི་ཆུ་བེད་འཛུགས་སྐྲུན་དང་སྤྱི་ཚོགས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན།

ཆུ་བེད་པུའུ་ཡི་སི་དང་ཅུའུ་ཡི་འགན་ཁུར་བློ་མཐུན་བཞི་ཡིས་མཚོ་ལྷོ་ཁུལ་གྱིས་བཏོན་པའི་སྦྲེལ་མཐུད་བྱ་རྒྱུའི་དོན་ཚན་རྣམས་རེ་རེ་བཞིན་དང་ལེན་དང་ཡུལ་དངོས་ནས་ལན་བཏབ་སྟེ། ཆུ་བེད་ལས་གཞིའི་འཆར་འགོད་གསོག་འཇོག་དང་དངོས་སྒྲུབ་ཞིབ་སྒྲུབ་ཀྱི་འཆར་འགོད་ཇུས་འགོད་སོགས་རྨང་གཞིའི་བྱ་བར་ཞིབ་ཕྲའི་རོགས་རམ་དང་རྒྱབ་སྐྱོར་བྱས་ནས། ཁ་གཏད་རོགས་སྐྱོར་གྱི་བྱ་བར་དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་བསམ་ཚུལ་བསྟན།

ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས་པ་རེད།


热门新闻

热门图库

热门排行