གནད་བསྡུས། 详情

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས15ཉིན། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་པ་དང་། ཆིང་ཧྭ་སློབ་ཆེན་གྱི་འཕྲལ་བསྟུན་བཟོ་སྐྲུན་གྱི་མཐོ་རིམ་བཟོ་བཀོད་པ་ཞུས་ཧོན་གདན་དྲངས་ཏེ་ཟུར་ཁྲིད་སྙན་ཞུ་གནང་བར་མ་ཟད། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས་ཤིང་། ཀྲའོ་ཧུང་ཚའེ་དང་མ་ཞའོ་ཝེ།  ཀྲང་ཅིང་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་སྤེལ་བ་དང་།  ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་བསམ་བློ་བརྗེ་རེས་བྱས།

ཞུས་ཧོན་གྱིས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་བརྗོད་དོན་གཙོ་བོར་གཞིགས་ཏེ།  རྒྱལ་ཡོངས་ཀྱི་དཔེ་མཚོན་བདེ་འཇགས་དོན་རྐྱེན་གྱི་གྱོད་དཔེ་མང་པོ་དང་ཟུང་འབྲེལ་བྱས་ནས། ཐུན་མོང་གི་ངོས་འཛིན་གསུམ་དང་འགྱུར་ལྡོག་གསུམ་གྱི་དམིགས་ཚད། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་གསུམ་དང་ངེས་པར་དུ་བྱེད་དགོས་པ་གསུམ་དང་དེ་མིན་གནོད་འགོག་གནོད་སེལ་གྱི་རྒྱུན་འཁྱོངས་བདུན་དང་ཁ་ཕྱོགས་དྲུག་སོགས་ཀྱི་འདུ་ཤེས་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཅིག་གྱུར་གྱིས་འཕེལ་རྒྱས་དང་བདེ་འཇགས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་བ་བཅས་ལ་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན།

ཚོགས་འདུ་ལས་བདེ་འཇགས་ཐོན་སྐྱེད་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྱོན་ཡོངས་ལའང་འབྲེལ་བ་ཡོད་པས། ཆབ་སྲིད་ཀྱི་ཚད་མཐོ་ས་ནས་བདེ་འཇགས་འཕེལ་རྒྱས་ཀྱི་མཚམས་ཐིག་དམ་འཛིན་བྱ་དགོས་པ་དང་། གཟབ་ནན་གྱི་འགན་འཁྲི་མ་ལག་གིས་བདེ་འཇགས་འགན་འཁྲིའི་སྦྲེལ་ཐག་དམ་འཛིན་བྱེད་པ། སྡེ་ཁག་གི་ངོས་ནས་ཉེན་ཁ་སྔོན་འགོག་གི་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་བ། མིག་རྒྱང་རིང་བོའི་སྒོ་ནས་བདེ་འཇགས་བཅོས་སྐྱོང་གི་གཞི་རིམ་རྨང་གཞི་བརྟན་པོ་གཏོང་བ་བཅས་བྱ་དགོས། དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས།འཕྲལ་བསྟུན་དོ་དམ་གྲངས་ཀ་ཅན་དང་རིག་ནུས་ཅན་དུ་རིམ་བསྒྱུར་བྱས་ཏེ། སྔར་ལས་མཐོ་བའི་ཚད་གཞི་དང་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།     

     ཚོགས་འདུ་ལས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ལ་དམ་འཛིན་བྱེད་པ་ནི་ཕྲག་ཏུ་བབས་པའི་འགན་འཁྲི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། འཕེལ་རྒྱས་ལ་དོ་སྣང་བྱེད་པ་ལས་བདེ་འཇགས་ལ་མཐོང་ཆུང་དང་། བཀོད་སྒྲིག་ལ་དོ་སྣང་བྱེད་པ་ལས་ལག་བསྟར་ལ་མཐོང་ཆུང་བྱེད་པའི་ཕྱོགས་ལྷུང་མཐའ་གཅིག་ཏུ་དོར་ནས། བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་རྣམ་པ་དེ་སྔོན་དཔག་རིམ་བསྒྱུར་བྱེད་པར་སྐུལ་འདེད་བྱ་དགོས།མིག་སྔར་ཞོད་འགོག་དང་བདེ་འཇགས་ཀྱི་གནོན་ཤུགས་ཆེ་བའི་དུས་ལ་སླེབས་པས། གཟབ་ནན་གྱི་སྒོ་ནས་འོས་འགན་གྱི་རྩིས་ཐོ་བཟོ་དགོས་པ་དང་། ལྟ་ཞིབ་སྔོན་བརྡའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་ལེབ་བཤེར་དང་གདུབ་ཟུམ་རྣམ་པའི་བཅོས་སྐྱོང་བྱས་ཏེ། ཞོད་དུས་ཁུལ་ཡོངས་གཏན་འཇགས་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་ཁུལ་ཨུའི་པུའུ་ཨུ་ཁག་གི་འགན་འཁུར་བློ་མཐུན།  ཁུལ་ཐད་གཏོགས་ལས་ཁུངས་སོ་སོ།  མི་དམངས་ཚོགས་པ་སོ་སོ། ཁུལ་དུ་སྡོད་པའི་ལས་ཁུངས་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་དེ་མིན་ཁེ་ལས་ཀྱི་འགན་འཁུར་བ་ཁག་ཅིག་བཅས་སློབ་སྦྱོང་ཚོགས་འདུར་ཞུགས། །  


热门新闻

热门图库

热门排行