གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས“བདེ་ཐང་དམངས་བདེའི་ཐད་བགྲོད་རླངས་འཁོར”གཏོང་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་ཐག་རིང་བ་དང་། གཟུགས་པོར་བརྟག་དཔྱད་བྱེད་དཀའ་བ། བློ་འདྲི་སྟབས་བདེ་མིན་པ། བདེ་ཐང་ཤེས་བྱ་ཞན་པ་སོགས་དམངས་འཚོའི་དཀའ་གནད་སེལ་ནས་མང་ཚོགས་ལ་བདེ་ཐང་ཞབས་འདེགས་ཞུ་བའི“མཐའ་མའི་སྤྱི་ལེ་གཅིག”གཏོད་ཆེད། ཟླ6པའི་ཚེས15ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གུང་ཧོ་རྫོང་དུ“བདེ་ཐང་དམངས་བདེའི་ཐད་བགྲོད་རླངས་འཁོར”གྱི་སྤྱི་ཕན་ཞབས་ཞུའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་སྒྲིག་འཛུགས་བྱས་ནས་ཁུལ་ཡོངས་ཀྱི་ཤང་གྲོང་ཁག་ཏུ་སྤྱི་ཕན་བདེ་ཐང་ཞབས་ཞུ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ལུས་ཕོངས་བདེ་ཐང་སྲུང་སྐྱོང་བྱས།

བྱེད་སྒོ་དེ་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་དང་བདེ་ཐང་གསོ་སྐྱོང་གི་དགོས་མཁོར་དམིགས་ནས་སྤྱི་ཕན་དམངས་ཕན་ཞབས་ཞུ་ཆེན་པོ་ལྔ་བཀོད་སྒྲིག་བྱས་ཏེ་གཞི་རིམ་གྱི་བདེ་ཐང་ཞབས་ཞུའི་ཞན་ཆ་ཕྱོགས་ཡོངས་ནས་ཁ་གསབ་བྱས་པ་རེད། ཞབས་ཞུའི་ནང་དོན་ལ་ཕྱོགས་ལྔ་ཚུད་ཡོད་པ་སྟེ། རིན་མེད་བདེ་ཐང་བརྟག་དཔྱད་ཞབས་ཞུ་དང་། ཞབས་ཞུ་ཚོགས་པསBསྒྲ་རླབས་བརྟག་དཔྱད་དང་། སྙིང་གི་གློག་རིས། ཞིབ་བཤེར་སོགས་འཁྱེར་བདེའི་སྨན་བཅོས་སྒྲིག་ཆས་ཤང་གྲོང་དུ་འཁྱེར་ནས་མང་ཚོགས་ལ་ཕྱོགས་ཡོངས་ནས་རིན་མེད་བདེ་ཐང་བརྟག་དཔྱད་བྱས་ཏེ་དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་ཡིག་ཚགས་དུས་གཅིག་ཏུ་འཐུས་ཚང་དུ་གཏོང་བ་དང་། ཆེད་མཁས་པས་གཅེས་སེམས་འོས་འགན་སྨན་བཅོས་བྱས་ཏེ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཏང་ཡོན་རྐང་འཛིན་པ་དང་། ཆེད་ལས་ཚན་ཁག་གི་སྨན་པ་དཀའ་བཅུ་བ། ཀྲུང(བོད)གསོ་རིག་གི་སྨན་པ་དཀའ་བཅུ་པ་བཅས་སྐོང་འཐེན་བྱས་ནས་སྨན་བཅོས་བྱས་ཏེ་ཕྱི་ནང་ཚན་ཁག་དང་། སྙིང་དང་ཀླད་པའི་ཁྲག་རྩ་སོགས་རྒྱུན་མཐོང་ནད་གཞི་འདྲི་རྩད། གཅོང་ནད་དོ་དམ། སྨན་སྤྱོད་མཛུབ་ཁྲིད་བཅས་དང་དེ་བཞིན་ཀྲུང(བོད)གསོ་རིག་དང་སྨན་བཅོས་ཀྱི་ཁྱད་ལྡན་ཞབས་ཞུ་བྱས་ཤིང་དབང་པོ་སྐྱོན་ཅན་དང་ལོ་རྒས་འགྲོ་སྐྱོད་མི་བདེ་བའི་མང་ཚོགས་ལ། འཕྲོད་བསྟེན་བདེ་ཐང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་ལས་དོན་མི་སྣས་ཡུལ་དངོས་སུ་སྨན་བཅོས་འགན་བཅོལ་དང་འཕྲོད་བསྟེན་བདེ་ཐང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་གསལ་འགྲེལ་བྱས་ཏེ་ཁྱིམ་ཚང་གི“བདེ་ཐང་ཤེས་མཁན”གསོ་སྐྱོང་བྱས་ནས་མང་ཚོགས་ཀྱི་རང་བརྟེན་བདེ་ཐང་དོ་དམ་ནུས་པ་ཆེ་རུ་གཏོང་བ་དང་། རིན་མེད་ཁྲག་འབུལ་དྲིལ་བསྒྲགས་དང་རུབ་བསྡུའི་ཞབས་ཞུ་བྱས་ཏེ་བོད་རྒྱ་སྐད་གཉིས་ལ་བརྟེན་ནས་ཁྲག་འབུལ་ཚན་རིག་ཁྱབ་གདལ་དང་སྲིད་ཇུས་འགྲེལ་བཤད་སྤེལ་བས་ཤང་གྲོང་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ཚོགས་སྤྱིར་ཕྱོགས་ནས་ཁྲག་འབུལ་དང་བླངས་པ་བསྡུ་བ། ནད་གཞི་ཚབས་ཆེན་ལ་སྨན་བཅོས་སྤོ་སྒྱུར་དང་མཉམ་དུ་བརྟག་དཔྱད་བྱེད་པའི་ཞབས་ཞུ་དེ་འོས་འགན་སྨན་བཅོས་དང་གཟུགས་པོར་བརྟག་དཔྱད་བྱས་ནས་བརྟག་དཔྱད་བྱས་པའི་ནད་གཞི་ཚབས་ཆེན་ཕོག་པའི་ནད་པར་དམིགས་ནས་རེ་རེ་བཞིན་ཆེད་དོན་རྩིས་ཐོ་བཟོ་བ་དང་། ཆེད་མི་བཀོད་སྒྲིག་བྱས་ནས་གོང་རིམ་སྨན་བཅོས་སྒྲིག་གཞི་དང་སྦྲེལ་མཐུད་བྱས་ཏེ་གཅིག་འཐུས་རྣམ་པའི་སྨན་བཅོས་སྤོ་སྒྱུར་དང་མཉམ་དུ་བརྟག་དཔྱད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ནས་དབུལ་སྒྲོལ་ས་ཁུལ་གྱི་རོགས་སྐྱོབ་ནད་གཞི་ཚབས་ཆེན་རིགས30དང་དེ་བཞིན་རྙོག་འཛིང་ཆེ་བའི་ནད་གཞི་ཚབས་ཆེན་དང་མཐོང་དཀོན་པའི་ནད་པ་བཅས་ལ་རོགས་སྐྱོབ་བྱས་པ་རེད།།

热门新闻

热门图库

热门排行