རྒྱལ་ནང་། 详情

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་གཞི་གཅིག་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས16ཉིན་གྱི《བདེན་འཚོལ》དུས་དེབ་འདོན་ཐེངས12པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་གཞི་གཅིག་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2012ལོའི་ཟླ12པ་ནས2026ལོའི་ཟླ4པའི་བར་གྱི་རྣམ་བཤད་གལ་ཆེན་གྱི་གནད་བཏུས་པ་ཡིན།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་རྨང་རྐང་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། འཇོན་མིའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ནང་གནས་ཀྱི་གཅིག་མཐུན་རང་བཞིན་དང་ཕན་ཚུན་གཞོག་འདེགས་ཀྱི་རང་བཞིན་ལྡན། མ་ལག་འདུ་ཤེས་ཤུགས་དྲག་ཏུ་བཏང་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་དང་ཚན་རྩལ་རང་སྟོབས་རང་ཚུགས་། འཇོན་མི་སྣེ་ཁྲིད་བྱེད་པའི་རྒྱུན་བསྐྱངས་ཏེ་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་གཞི་གཅིག་ཏུ་སྒྱུར་བཅོས་གཏོང་བར་གཅིག་འདོམས་བྱས་ནས་ཚན་རིག་དང་སློབ་གསོས་རྒྱལ་ཁབ་ཡར་རྒྱས་གཏོང་བའི་འཐབ་ཇུས་དང་འཇོན་མིས་རྒྱལ་ཁབ་སྟོབས་ལྡན་དུ་གཏང་བའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྒུལ་ཤུགས་སྩོལ་བའི་འཐབ་ཇུས་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མངོན་འགྱུར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡབ་འཕར་ཕན་ནུས་གྲུབ་པར་བྱ་དགོས།

རྩོམ་ཡིག་ལས་བསྟན་དོན། སློབ་གསོས་ཚན་རྩལ་དང་འཇོན་མིར་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་འཇོན་མིར་བརྟེན་དགོས་ཤིང་འཇོན་མི་གསོ་སྐྱོང་བྱ་རྒྱུ་སློབ་གསོར་རག་ལས། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་སྟོབས་ཤུགས་གཙོ་བོ་དང་ལག་རྩལ་འགག་སྒྲོལ་གྱི་འབྱུང་རྩའི་ནུས་པ་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་འཇོན་མི་གསོ་སྐྱོང་བྱེད་པར་ཕན་ཚུན་འདེགས་སྐྱོར་དང་སྐུལ་ཁྲིད་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་སྲོལ་ནུས་ལྡན་འཛུགས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ནས་རྐང་བཙུགས་ཏེ་ཚན་རྩལ་གྱི་གནད་དོན་གལ་ཆེན་འདོན་པ། རྒྱུན་མཐུད་ངང་གསར་གཏོད་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལེན་དགོས། མཐོ་རིམ་སློབ་གསོའི་བཀོད་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གསར་གཏོད་འཇོན་མི་གསོ་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་པ། རིགས་དབྱེས་ནས་མཐོ་སློབ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐོ་སློབ་ཀྱིས་ཁྱབ་ཁོངས་མི་འདྲ་བ་དང་འགྲན་ལམ་མི་འདྲ་བའི་ནང་ལེགས་ཆ་འདོན་སྤེལ་དང་ཁྱད་ཆོས་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པ། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ལ་གཅིག་འདོམས་བྱས་ཏེ། ལས་རིགས་སློབ་གསོ་དང་དཀྱུས་མའི་སློབ་གསོ་མཉམ་འདྲེས་དང་། སློབ་གསོ་དང་ཚན་རྩལ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། བྱང་ཚད་མཐོ་བའི་ལག་རྩལ་དང་ནུས་རྩལ། རྒྱལ་ཁབ་ཆེན་པོའི་བཟོ་རྩལ་པ། བཟོ་བ་འཇོན་མི་བཅས་རྒྱུན་ཆད་མེད་པར་གསོ་སྐྱོང་བྱ་དགོས། བྱང་ཚད་སློབ་གསོ་སྤེལ་ནས་སློབ་གསོའི་བྱེད་ཐབས་གསར་གཏོད་བྱས་ཏེ། གསར་གཏོད་ཀྱི་འཇོན་མི་གསོ་སྐྱོང་བྱེད་པར་ཕན་པའི་སློབ་གསོའི་ཁོར་ཡུག་ཆགས་པར་འབད་བརྩོན་བྱ་དགོས།

རྩོམ་ཡིག་ལས་བསྟན་དོན། ཕྱོགས་ཡོངས་ནས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ནང་རྐྱེན་འཛུགས་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་ཆེ་རུ་གཏོང་དགོས། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་འགྲན་རྩོད་ནུས་ཤུགས་ཨང་དང་པོ་ཡིན། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ལམ་སྲོལ་གསར་པ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བཅས་བྱས་ནས་འཛམ་གླིང་གི་ཚན་རིག་ལྟེ་གནས་གཙོ་བོ་དང་གསར་གཏོད་མཐོ་ས་སྔ་ཙམ་གྱིས་ཆགས་པར་བྱ་དགོས། རྒྱལ་ཁབ་ཀྱི་ཞིབ་འཇུག་ལས་ཁུངས་དང་ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན། ཚན་རྩལ་སྣེ་འདྲེན་ཁེ་ལས་བཅས་ཀྱི་གནས་ངེས་དང་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་དང་སྣོལ་སྡེབ་མདུན་གྲལ་ཁྱབ་ཁོངས། གཙོ་གནད་ཁྱབ་ཁོངས་བཅས་ཀྱི་སྔོན་མཐོང་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། གསར་གཏོད་བྱེད་མཁན་རིགས་སོ་སོའི་གསོན་ཤུགས་འཕེལ་བ་དང་འཛམ་གླིང་གི་མདུན་གྲལ་ཚན་རིག་ལ་དམིགས་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ནས་འགག་རྩའི་ལྟེ་བའི་ལག་རྩལ་དང་མདུན་གྲལ་ལག་རྩལ་ཐད་འགག་སྒྲོལ་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། གསར་གཏོད་ཅན་གྱི་འཇོན་མིའི་དཔུང་ཁག་སྟོབས་ལྡན་ཞིག་གསོ་སྐྱོང་གང་མགྱོགས་བྱ་དགོས། འཇོན་མི་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ཡང་མཐར་གཏུགས་ནས་བཤད་ན་འཇོན་མིའི་འགྲན་རྩོད་ཡིན། འཇོན་མི་གསོ་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ལ། འཇོན་མི་རང་བདག་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྱོང་དང་འཇོན་མིའི་དཔུང་ཁག་སོ་སོའི་སྤུས་ཚད་མཐོ་རུ་གཏོང་དགོས། སློབ་གསོ་དང་ཚན་རྩལ་ཞིབ་འཇུག་མཉམ་འབྲེལ་གྱི་འཇོན་མི་གསོ་སྐྱོང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཚན་རིག་ཞིབ་འཇུག་གི་ལས་ཡུལ་དང་པོར་འཇོན་མི་གསར་རྙེད་དང་གསོ་སྐྱོང་བྱ་བར་མཐོང་ཆེན་བྱེད་དགོས། རྨང་གཞིའི་ཞིབ་འཇུག་མི་སྣའི་རྒྱབ་སྐྱོར་འཆར་གཞི་སྣ་ཚོགས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་ཞིབ་འཇུག་མི་སྣའི་ཁྱད་པར་ཅན་གྱི་གདེང་འཇོག་དང་དུས་ཡུན་རིང་པོའི་རྒྱབ་སྐྱོར་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྨང་གཞིའི་ཞིབ་འཇུག་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། རྒྱབ་སྐྱོར་བརྟན་པོ་དང་ཡུན་རིང་དཔྱད་འཇོག་བྱེད་པར་བརྟེན་ནས་ན་གཞོན་ཚན་རྩལ་འཇོན་མི་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་དག་ཡོང་འབབ་བགོ་བཤའ་རྒྱག་པའི་རྐྱེན་སྲོལ་ནང་ཞུགས་སུ་བཅུག་ནས་ཤེས་བྱ་དང་ལག་རྩལ། འཇོན་མི་བཅས་ཀྱི་ཚོང་རའི་རིན་ཐང་སྔར་ལས་མངོན་པར་བྱས་ནས་ཡར་སྐུལ་གསར་གཏོད་དང་ཕམ་ཁར་དཀྱེལ་ཡངས་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱ་དགོས། །

热门新闻

热门图库

热门排行