གནས་ཚུལ། 详情

ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ། ཟས་རིགས་བདེ་འཇགས་ཀྱི་བཀོད་གཏོང་བརྙན་རིས་ཚོགས་འདུ་བསྡུས།

ཟླ6པའི་ཚེས12ཉིན། ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ། ཟས་རིགས་བདེ་འཇགས་ཀྱི་བཀོད་གཏོང་བརྙན་རིས་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཙུང་ལི་ལི་ཆང་གི་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་རིས་ཚོགས་འདུའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་དང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་ནས། སྔོན་འགྲོའི་བཀོད་སྒྲིག་ལྟར་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ། ཟས་རིགས་བདེ་འཇགས་བཅས་ཀྱི་ཐད་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་ལམ་ནས་ལྟ་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་ཁྱབ་བསྒྲགས་བྱས་ཤིང་། མིག་སྔའི་བདེ་འཇགས་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་དང་། ཉེ་དུས་ཀྱི་གཙོ་གནད་བྱ་བར་སླར་ཡང་བཀོད་སྒྲིག་བྱས། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ།

ཚོགས་འདུ་ལས་མིག་སྔར་ནི་ཁེ་ལས་ཀྱི་ལས་མགོ་བསྐྱར་འཛུགས་དང་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པས། གཞུང་ལམ་འགྲིམ་འགྲུལ་དང་བཟོ་སྐྲུན་ཨར་ལས་སོགས་ཁྱབ་ཁོངས་སུ་ལས་སྒྲུབ་བྱེད་ཐེངས་མང་པ་དང་། མི་དང་རླངས་འཁོར་གྱི་འགྲོ་རྒྱུག་ཇེ་མང་དུ་ཕྱིན་ནས་བདེ་འཇགས་ཀྱི་བྱུར་རྐྱེན་ཉེན་ཁ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད་པ་དང་། དེ་མིན་ཁུལ་ཡོངས་སུ་ཞོད་དུས་ཀྱི་གནོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་ཛ་དྲག་ཡིན་པ་དང་ལས་འགན་ལྕི་བས། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་བྱ་བ་གཙིགས་ཆེན་དུ་བཟུང་ནས་ཉེན་ཁ་སྔོན་དཔག་དང་བྱུར་རྐྱེན་སྔོན་འགོག་ཚོད་འཛིན། འཕྲལ་བསྟུན་གྲ་སྒྲིག་བཅས་ཀྱི་བྱ་བ་ཁག་སྔོན་ལ་སྒྲུབ་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱ་དགོས་ཞེས་བསྟན།

  ཚོགས་འདུ་ལས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་གནམ་གཤིས་མི་ལེགས་པའི་ཉེན་ཁའི་བྱུར་རྐྱེན་ལ་ཚད་མཐོས་མཐོང་ཆེན་བྱས་ཏེ། སྔོན་འགོག་གཙོ་བོར་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས། སྟེས་དབང་གི་བསམ་བློ་དོར་ཏེ་དུས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་བསམ་བློར་བརྟེན་ནས་བྱ་བ་ཁག་དམ་འཛིན་སྒོས་སྒྲུབ་དགོས་པ་དང་། འགན་འཁྲིའི་སྦྲེལ་ཐག་ནན་མོར་བཏང་ནས་ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། དོ་དམ་གསུམ་དང་ངེས་པར་དུ་བྱ་དགོས་པ་གསུམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ཁོངས་གཏོགས་ས་ཁུལ་དང་ལས་རིགས། ཁེ་ལས་བཅས་ཀྱི་འགན་འཁྲི་གཙོ་བོ་གསལ་བོར་བཟོས་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཞིབ་བཤེར་དང་བཅོས་སྐྱོང་གཟབ་ནན་བྱས་ནས། གནད་དོན་གསལ་འབྱེད་དང་བཅོས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། གཅིག་ཤེས་ཀུན་གྲོལ་གྱིས་ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་ཟས་རིགས་བདེ་འཇགས། ས་གཤིས་གནོད་འཚེ་སོགས་ཁྱབ་ཁོངས་ཀྱི་ཉེན་ཁའི་བྱུར་རྐྱེན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་བཅོས་སྐྱོང་བྱས་ཏེ། དག་ཐེར་ཡོ་བསྲང་ཡུལ་དངོས་སུ་བསྐྱར་ཞིབ་མིང་འགོད་ལམ་ལུགས་ལག་བསྟར་བྱེད་དགོས་པ་ལས་རྣམ་པ་ཙམ་གྱི་བྱ་སྤྱོད་གཏན་འགོག་བྱ་དགོས། དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། སྨྱན་སྦྱོར་གསར་བ་སོགས་དྲ་ཐོག་དང་ཡུལ་དངོས་ཀྱི་དྲིལ་སྒྲོག་བྱེད་ཐབས་བརྒྱུད་ནས། བདེ་འཇགས་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས་པ་དང་། གཅིག་ཅན་བཅུ་དང་བསྐྱོད་པ་དྲུག་གི་ཆེད་དོན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། མང་ཚོགས་ཀྱི་རང་སྐྱོབ་ནུས་པ་མཐོ་རུ་གཏོང་དགོས། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་དང་འཕྲལ་བསྟུན་ཇུས་གཞི་སྣ་ཚོགས་འཐུས་ཚང་དུ་བཏང་ནས། དུས་རྒྱུན་དུ་འཕྲལ་བསྟུན་འཁྲབ་སྦྱོང་བྱ་འགུལ་སྤེལ་ཏེ། འཕྲལ་བསྟུན་དཔུང་སྡེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ་དང་ལི་ཀུའོ་ཞུང་། ཁྲེ་ཞང་ཞན། ཀྲའོ་ཧུང་ཚའེ་བཅས་ཚོགས་འདུར་ཞུགས་པ་དང་། རྫོང་ཁག་སོ་སོའི་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་ལས་བགོས་འགན་འཁུར་བློ་མཐུན། དེ་མིན་ཁུལ་དང་རྫོང་གི་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་ཞོད་ཐན་སྔོན་འགོག་བཀོད་འདོམས་པུའུ། ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁོངས་གཏོགས་ལས་ཁུངས་གཙོ་བོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས། 


热门新闻

热门图库

热门排行