ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་རྫོང་དང་ཤང་བཅས་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོའི་ནང་ཞུགས་པ།


ཟླ6ཚེས10ཉིན་གུང་ཧོ་རྫོང་གི་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་ཤོག་འཕེན་པའི་འདེམས་བསྐོའི་བྱ་བ་བདེ་བླག་ངང་སྤེལ་ཞིང་།རྫོང་ཡོངས་སུ་འདེམས་ཤོག་འཕེན་ས33བཙུགས་པ་དང་།འདེམས་ཤོག་འཕེན་པའི་རྒྱ་ཆེའི་མང་ཚོགས་དང་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་སྒྲིག་སྲོལ་ལྟར་འདེམས་བསྐོའི་ནང་ཞུགས་ཏེ།འདེམས་ཤོག་འཕེན་པའི་བྱ་བ་གོ་རིམ་ལྡན་པ་དང་བདེ་བླག་ངང་སྤེལ་པ་རེད།འདི་ནི་མཚོ་ལྷོ་ཁུལ་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་གྱི་འདེམས་ཤོག་འཕེན་སར་ས་གནས་ཀྱི་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་ཤོག་འཕེན་པའི་ནང་ཞུགས་བཞིན་པའི་གནས་ཚུལ་རེད།