《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི(2021ལོ་ནས2025ལོའི་བར)》གྱི་ལས་འགན་དམིགས་ཚད181ཚང་མ་ལེགས་གྲུབ་བྱུང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན། ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་སློབ་གསོ་དང་གསོ་སྦྱོང་རྟེན་གཞིས་མཉམ་འབྲེལ་ཐོག《<རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི(2021ལོ་ནས2025ལོའི་བར)>ལག་བསྟར་ཚོད་སྐོར་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི(2021ལོ་ནས2025ལོའི་བར)》ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ལས་འགན་དམིགས་ཚད་ཁག181ཚང་མ་ལེགས་གྲུབ་བྱུང་ནས། བསྡོམས་པས་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ཁག44ཁྲོད་ཁག20སྔ་སྣུར་ནམ་ཡང་ན་ཚད་བརྒལ་སྒོས་ལེགས་གྲུབ་བྱུང་སྟེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།
སྙན་ཞུའི་ནང་ངོ་སྤྲོད་བྱས་དོན། ཀྲུང་གོ་སྲིད་གཞུང་གིས2021ལོའི་ཟླ9པར《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི(2021ལོ་ནས2025ལོའི་བར)》ཁྱབ་བསྒྲགས་བྱས་པ་དེ་ནི་ཀྲུང་གོས་བཟོས་པའི་འགྲོ་བ་མིའི་ཐོབ་ཐང་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་འཆར་འགོད་དུས་ཐེངས་བཞི་པ་ཡིན་ལ། དེས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་དམིགས་ཚད་གསལ་བོར་གཏན་ཁེལ་བྱས་ཡོད། རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞིའི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱི་མངགས་བཅོལ་ལྟར། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སློབ་གསོ་དང་གསོ་སྦྱོང་རྟེན་གཞི20ཡིས་ཚོད་སྐོར་ཕྱོགས་བཙུགས་ནས། བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཚུལ་ལ་ཚོད་སྐོར་བྱས་ཏེ། ཚོད་སྐོར་སྙན་ཞུ་གྲུབ་ཡོད།
སྙན་ཞུའི་ནང་། ཀྲུང་གོས་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་བཏང་ནས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཕྱོགས་མང་པོའི་དབང་ཆའི་དགོས་མཁོ་བསྐངས་ཡོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱས་ཏེ་བལྟོས་བཅས་ཀྱི་དབུལ་ཕོངས་གནད་དོན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཡོད། དུས་རབས་རིམས་ནད་ཀྱི་ཕོག་ཐུག་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་བཅག་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་གང་ཐུབ་བྱས་ཡོད། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས་ཡོད། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་དངོས་པོའི་རྨང་གཞི་བརྟན་པོ་བཏིངས་ཡོད་པར་བསྟན།
སྙན་ཞུའི་ནང་བསྟན་དོན། ཀྲུང་གོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་ལ་ཤུགས་བསྣན་ཡོད། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་བ་དང་། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། དམངས་གཙོའི་ཐབས་ལམ་ཤར་གཏོང་བྱས་ཏེ། མི་དམངས་ལ་སྔར་ལས་རྒྱ་ཆེ་ཞིང་། སྔར་ལས་ཕན་ཚོགས། སྔར་ལས་ཁྱོན་ཡོངས་བཅས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་དུ་བཅུག་ཡོད། དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ཏེ། སྤྱི་ཚོགས་ཀྱི་དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་བྱས།
སྙན་ཞུའི་ནང་ནན་གྱིས་བསྟན་དོན། ཀྲུང་གོས་ཕྱོགས་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་དུས་རིམ་གསར་པར་བསླེབས་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། ཁོར་ཡུག་གི་ཁེ་དབང་ལ་འགན་སྲུང་ནུས་ལྡན་ཐོབ་ཡོད།
སྙན་ཞུའི་ནང་བཤད་རྒྱུར། ཀྲུང་གོས་རིགས་སོ་སོའི་ཚོགས་སྤྱིའི་ཁེ་དབང་ལ་འདྲ་མཉམ་ངང་འགན་ལེན་བྱེད་ཀྱིན་ཡོད། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཡོད། ཚོགས་སྤྱི་སྣ་ཚོགས་འདྲ་མཉམ་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཞུགས་པ་དང་། འདྲ་མཉམ་ངང་དམངས་གཙོའི་ཁེ་དབང་སྤྱོད་པ། འདྲ་མཉམ་ངང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བཅས་ལ་སྐུལ་འདེད་བཏང་སྟེ། བུད་མེད་དང་བྱིས་པ། རྒན་རྒོན། དབང་བོ་སྐྱོན་ཅན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་ལས་འགན་སྲུང་ལེགས་པོ་བྱས་ཡོད།
སྙན་ཞུའི་ནང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་སློབ་གསོ་དང་གསོ་སྦྱོང་རྒྱ་ཁྱབ་ངང་སྤེལ་ནས། འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་དང་ཤེས་བྱ་ཁྱབ་གདལ་ཧུར་ཐག་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་འདུ་ཤེས་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད་པར་བསྟན།
སྙན་ཞུའི་ནང་བསྟན་དོན། ཀྲུང་གོས་འདྲ་མཉམ་དང་ཕན་ཚུན་ཡིད་རྟོན། ཁོངས་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་མཉམ་རྒྱལ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་གང་ཐུབ་བྱས་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ཡོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་སྒྲུབ་འགན་འཁུར་ནས། དགེ་མཚན་ལྡན་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ནང་ཞུགས་ཏེ། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་ཆེད་ཀྲུང་གོའི་ལེགས་སྐྱེས་དང་ཀྲུང་གོའི་ཐབས་ཇུས་ཕུལ་ཡོད།
འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པར་ཡག་ཤོས་མེད་ལ། དེར་དེ་བས་ལེགས་པ་ལས་མེད། སྙན་ཞུའི་ནང་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་དོ་སྙོམས་མིན་པ་དང་འཐུས་ཚང་མིན་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དང་། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་དང་བརྟན་ལྷིང་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ཚན་རྩལ་འཕེལ་རྒྱས་དང་ཐོན་ལས་འཕོ་འགྱུར་ལས་དབང་ཆའི་དགོས་མཁོ་གསར་པ་ཐོན་པས། ཀྲུང་གོ་སྲིད་གཞུང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཁ་གཏད་གཅོག་ཐབས་བཏོན་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེསབ་པར་སཀྭལ་འདེད་གཏོང་རྒྱུའི་རེ་བ་ཡོད།
སྙན་ཞུའི་རྒྱ་ཡིག་དང་དབྱིན་ཡིག་གི་ནང་དོན་ཆ་ཚང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཀྱི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་ཡོད། །