སྒྲོན་བརྙན། 详情

ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་བྱས་ཏེ། མཛེས་པའི་ཀྲུང་གོ་མཉམ་སྐྲུན་བྱེད།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན། ད་ལོའི་ཀྲུང་གོའི་བརྗོད་བྱ་ནི"ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་བྱས་ཏེ། མཛེས་པའི་ཀྲུང་གོ་མཉམ་སྐྲུན་བྱེད"ཅེས་པ་དེ་ཡིན།

སྐྱེ་ཁམས་ཁོར་ཡུག་ནི་མི་རྣམས་འཚོ་གནས་དང་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱིས་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ཀྱི་ལྗང་མདོག་རིགས་སྒྱུར་ཇེ་མགྱོགས་སུ་བཏང་སྟེ། རི་ཆུ་ནགས་ཞིང་མཚེའུ་བྱེ་རྩྭ་ཐང་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་ཐོན་ལས་ལྗང་མདོག་རིམ་སྤར་ཇེ་མགྱོགས་སུ་བཏང་བ་དང་། ལྗང་མདོག་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་ཕན་འབྲས་མངོན་གསལ་བླངས་ཡོད་པས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་འཕེལ་རྒྱས་བྱུང་བཞིན་ཡོད།  །


热门新闻

热门图库

热门排行