རྒྱལ་ནང་། 详情

2026ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་ཞུགས་པའི་མི་གྲངས་ཁྲི1290ཡོད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ6པའི་ཚེས3ཉིན་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། 2026ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ནང་ཞུགས་པའི་མི་གྲངས་ཁྲི1290ལ་སླེབས་ཡོད། སློབ་གསོ་པུའུ་ཡིས་རྒྱལ་ཁབ་སློབ་གསོའི་གཅིག་གྱུར་ཡིག་རྒྱུགས་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་ཞུགས་སྡེ་ཚན་དང་མཉམ་དུ་ས་གནས་སོ་སོས་ཡིག་རྒྱུགས་སྒྲིག་འཛུགས་དང་སློབ་མའི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་པར་མཛུབ་ཁྲིད་བྱས་ཏེ། ནུས་ཤུགས་ཡོད་རྒུས"བདེ་འཇགས་ཀྱི་མཐོ་རྒྱུགས"མངོན་འགྱུར་བྱེད་དགོས། 

རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡིས་ས་གནས་སོ་སོའི་དྲ་འཕྲིན་དང་། སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་མཉམ་འབྲེལ་སྒོས་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་ཁོར་ཡུག་གཙང་བཟོ་དང་། ཡིག་རྒྱུགས་ས་ཚིགས་ཀྱི་མཐའ་འཁོར་གྱི་ཁོར་ཡུག་གཙང་བཟོ། གཡོ་ལས་བྱེད་པའི་ཡོ་ཆས་འཚོང་བར་རྡུང་རྡེག་གཏོང་བ། ཚབ་བྱེད་གཡོ་ལས་བྱེད་པར་རྡུང་རྡེག་གཏོང་བ། རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་གསོ་སྦྱོང་སྒྲིག་གཞི་སོགས་ཆེད་དོན་བྱ་སྤྱོད་སྤེལ་བར་མཛུབ་ཁྲིད་བྱས་ནས། ཁྲིམས་ལྟར་མཐོ་རྒྱུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་ནས། འཆམ་མཐུན་བདེ་ཐང་གི་རྒྱུགས་ལེན་ཁོར་ཡུག་བསྐྲུན་རྒྱུ་རེད།

ཚན་རྩལ་མཐོ་བའི་གཡོ་སྒྱུ་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཐད་ནས། ས་གནས་སོ་སོས་ཡིག་རྒྱུགས་ལེན་མཁན་གྱི་ཡིད་རྟོན་ཡིག་རྒྱུགས་སློབ་གསོར་ཤུགས་སྣོན་རྒྱག་པར་མཛུབ་ཁྲིད་བྱས་ཏེ། མི་འགོག་དང་། དངོས་འགོག ལག་རྩལ་འགོག་པ་སོགས་ཀྱི་བྱ་ཐབས་སྔར་ལས་ཤུགས་ཆེར་བཏང་སྟེ། ཚད་ལྡན་ཅན་གྱི་རྒྱུགས་ར་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། "རིག་ནུས་བདེ་འཇགས་སྒོ་མོ"རིམ་སྤོར་བྱེད་པ། ལག་ཐོགས་ཁ་པར་དང་རིག་ནུས་མིག་ཤེལ་སོགས་སྒྲིག་འགལ་དངོས་རྫས་ཞིབ་བཤེར་བྱེད་ཚད་མཐོ་རུ་གཏོང་བ། འཛུལ་ཞུགས་བདེ་འཇགས་ཞིབ་བཤེར་ཚད་གཞི་ནན་པོ་བཟོ་བ། རྒྱུགས་རའི་ལྟ་སྐུལ་དང་སྐོར་ཞིབ་ལ་ཤུགས་སྣོན་པ། རིག་ནུས་སྐོར་ཞིབ་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱུགས་ལེན་གྱི་བདེ་འཇགས་སྲུང་སྐྱོབ་དྲ་བ་དམ་ཚགས་སུ་གཏོང་དགོས།

ཤེས་གསལ་ལྟར་ན། སློབ་གསོ་པུའུ་ཡིས་སློབ་བསྡུའི་དྲིལ་བསྒྲགས་སྒྲིག་ཁྲིམས་ནན་མོ་བཟོས་ཏེ། ས་གནས་སོ་སོ་དང་སློབ་གྲྭ་སོ་སོར་མཐོ་སློབ་ཀྱི་སློབ་བསྡུའི་དྲིལ་བསྒྲགས་བྱ་བའི་སྒྲིག་ཁྲིམས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས་པའི་སྐོར་ནས་མཛུབ་ཁྲིད་བྱས་ཏེ། དྲིལ་བསྒྲགས་རྫུན་མ་དང་། སྒྲིག་འགལ་ཁས་ལེན་བྱེད་པ། རྣམ་པ་གང་རུང་གི་ཐོག་ནས"མཐོ་རྒྱུགས་ཀྱི་ཨང་དང་པོ"དང"སྐར་གྲངས་མཐོ་བའི་སློབ་མ"སློབ་འཕར་ཚད"བཅས་དྲིལ་བསྒྲགས་བྱེད་མི་ཆོག་པ་རེད།

དུས་མཚུངས་སུ། སློབ་གསོ་པུའུ་ཡིས་ད་དུང་ས་གནས་སོ་སོས་རྒྱུགས་སྤྲོད་སློབ་མའི་ཞབས་ཞུའི་འགན་སྲུང་དེ་གལ་ཆེའི་གནས་བབ་སྟེང་བཞག་ནས། ལོང་བའི་རྒྱུགས་སྤྲོད་སློབ་མར་ལོང་ཡིག་རྒྱུགས་ཤོག་ཆེད་མངགས་བཟོ་རྒྱུ་དང་། དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མ་ཁྲི1.4 ལྷག་ལ་རྒྱུགས་སྤྲོད་ནང་ཞུགས་པར་ལུགས་མཐུན་གྱི་སྟབས་བདེ་སྐྲུན་རྒྱུ་རེད། ནུས་ཤུགས་ཡོད་རྒུས"མཐོ་རྒྱུགས་སྲུང་སྐྱོབ"འགུལ་སྐྱོད་སྤེལ་ནས་རྒྱུགས་སྤྲོད་སློབ་མའི་འགྲོ་སྐྱོད་དང་། སྡོད་གནས། འཕྲོད་བསྟེན། འཛེར་སྒྲ་མེད་པར་བཟོ་བ། སེམས་ཁམས་ཁྲིད་སྟོན་སོགས་ཀྱི་ཞབས་ཞུའི་འགན་སྲུང་ཡག་པོ་བྱས་ཏེ། བདེ་འཇགས་དང་། སྐྱིད་པོ། དྲོད་ཁོལ་ལྡན་པ་བཅས་་ཀྱི་རྒྱུགས་སྤྲོད་ཁོར་ཡུག་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད། །

热门新闻

热门图库

热门排行