གནད་བསྡུས། 详情

མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་དུག་འགོག་དྲིལ་བསྒྲགས་ཟླ་བའི་མགོ་ཚུགས་མཛད་སྒོ་མཚོ་ལྷོ་ཁུལ་དུ་བསྡུས།

ཟླ6པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་དུག་འགོག་དྲིལ་བསྒྲགས་ཟླ་བའི་མགོ་ཚུགས་མཛད་སྒོ་དང་དམངས་ཡོངས་ཀྱིས་མཉམ་དུ་དུག་རྫས་འགོག་ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་མཚོ་སྔོན་པོ་ཐང་ཆེན་དུ་སྤེལ་ཞིང་། མཚོ་ལྷོ་ཁུལ་སྲིད་གཞུང་དང་ཁུལ་སྤྱི་བདེ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན། དེ་མིན་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་དུག་འགོག་གཞུང་སྒྲུབ་ཁང་གི་འགན་འཁུར་པ། ཞིང་ཆེན་དཔེ་སྐྲུན་སྨྱན་སྦྱོར་སྡེ་ཚོགས་དང་མཚོ་ལྷོ་ཁུལ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་ཞུགས་ལས་ཁུངས་ཀྱི་འཐུས་མི། སྡེ་ཁུལ་གྱི་སྡོད་དམངས་དང་སློབ་གྲྭའི་དགེ་སློབ་བཅས་པའི་མི500ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།

མགོ་ཚུགས་མཛད་སྒོའི་སྟེང་ཞིང་ཆེན་དུག་འགོག་གཞུང་སྒྲུབ་ཁང་གིས་གཙང་གསུམ་མགོ་ཁུངས་དུག་འགོག་དང་བླངས་པའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་མི་སྣ་ཇེ་མང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་སྒྲོག་འདོན་བྱས་པ་དང་། མཚོ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་བློ་མཐུན་གྱིས་མཚོ་ལྷོ་ཁུལ་གྱིས་རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི་ཐད་བླང་བྱ་བཏོན་ཞིང་། ཚོགས་ཞུགས་མགོ་ཁྲིད་ཀྱིས་གསར་དུ་ཞུགས་པའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིར་གདན་ཞུའི་ཡི་གེ་སྤྲད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི་མུ་འབྲེལ་བྱེད་སྒོ་མཉམ་དུ་སྤེལ་མགོ་བརྩམས། མཛད་སྒོ་མཇུག་བསྒྲིལ་རྗེས་ཞིང་ཆེན་དཔེ་སྐྲུན་སྨྱན་སྦྱོར་སྡེ་ཚོགས་ཀྱིས་བརྙན་རིས་སྨྱན་སྦྱོར་དུ་བྱས་ནས་དུག་འགོག་བརྗོད་བྱའི་བརྙན་ཐུང་བསྟན།

གཙང་གསུམ་མགོ་ཁུངས་ཀྱི་དུག་འགོག་དང་བླངས་པའམ་སྒྲོག་འགྲེལ་རུ་ཁག་གི་ཁོངས་མི་ནོར་བུ་རྡོ་རྗེ་ཡིས་བཤད་རྒྱུར། ང་རང་མཚོ་ལྷོ་ཁུལ་དུག་འགོག་གཞུང་སྒྲུབ་ཁང་གིས་འོས་འགན་དུག་འགོག་དྲིལ་བསྒྲགས་པར་གདན་ཞུ་བྱས་པར་ཧ་ཅང་དགའ་པོ་བྱུང་ཞིང་། རྗེས་ཕྱོགས་སུ་ལས་དོན་ཁྲོད་དང་བླངས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་དེ་མིན་གཞོན་ནུ་ལོ་ཆུང་ཚོར་ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་དང་རིང་དུ་གྱེས་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན་ཟེར།

གཅིག་སྡུད་དྲིལ་བསྒྲགས་ཁུལ་དུ་སྒྲོག་འགྲེལ་པས་དཔྱད་གཞིའི་ཡིག་ཆ་སྤྲོད་པ་དང་དུག་རྫས་འདྲ་བཟོའི་དཔེ་དབྱིབས་འགྲེམ་སྟོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དུག་འགོག་བརྙན་ཐུང་ལྟ་མཁན་གྱི་དགེ་སློབ་དང་མང་ཚོགས་ལ་དུག་རྫས་ཤེས་བྱ་སྒྲོག་འགྲེལ་བྱས་ཤིང་། ཡུལ་དངོས་སུ་དུག་འགོག་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་རང་རྟོགས་ངང་དུག་རྫས་བཀག་འགོག་དང་རང་འགུལ་ངང་དུག་འགོག་དྲིལ་བསྒྲགས་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ།དུག་རྫས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་དུས་ཐོག་ཏུ་ཐེར་འདོན་གོང་ཞུ་བྱས་ནས་ཐུན་མོང་གིས་དུག་རྫས་འགོག་སྲུང་དྲ་བ་བརྟན་པོ་བཟོས།   

མཚོ་སྔོན་ཞིང་ཆེན་དུག་འགོག་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ཝང་ཀུའོ་ཞོན་གྱིས་བཤད་རྒྱུར། དེ་རིང་ང་ཚོ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་ཡོང་ནས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་དུག་འགོག་དྲིལ་སྒྲོག་ཟླ་བའི་མགོ་རྩོམ་མཛད་སྒོ་སྤེལ་བ་ཡིན་ལ། དེས་རྒྱུ་མཚན་ནི་མཚོ་ལྷོ་ཁུལ་དུ་རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་གྱི་ལས་དོན་འདི་སྤེལ་མགོ་བརྩམས་ཟིན་པས། དེ་རིང་ང་ཚོས་འདི་རུ་རྒྱབ་སྐྱོར་བྱེད་བསམ་པ་ཡིན། དུག་འགོག་བྱ་བ་དེ་དོན་ངོ་མར་ཁྱིམ་ཚང་གཅིག་གི་ལས་དོན་ཞིག་མིན་པར་དམངས་ཡོངས་ཀྱིས་དོ་ཁུར་བྱ་དགོས་པའི་ལས་དོན་ཞིག་ཡིན་པས། ཚང་མས་གཙིགས་འཛིན་བྱ་དགོས་ཟེར།


热门新闻

热门图库

热门排行