གཙོ་གནད། 详情

ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཞིན་ཧེ་རྗོང་དུ་བྱ་བར་རྟོག་ཞིབ་བྱས་པ།

རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་གཉིས་ཀྱིས་ཞིན་ཧེ་རྫོང་དུ་བྱ་བར་རྟོག་ཞིབ་གནང་བ་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་།ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱས་ཏེ། ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ཁྱད་ཆོས་ལྡན་པའི་དགེ་མཚན་འདོན་སྤེལ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིན་ཧེ་རྫོང་བོད་སྨན་ཁང་དུ་ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་རུས་སྐྱོན་ཚན་ཁག་དང་། བོད་ལུགས་གསོ་རིག བོད་སྨན་རིག་གནས་འགྲེམས་སྟོན་ཁང་སོགས་སུ་སོང་ནས། ཀྲུང་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས། སྨན་རྫས་ཐོན་ཁུངས་མཛོད་འཛུགས་སྐྲུན་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྨན་རྫས་ཀྱི་དམར་དཔེ་དང་འདུལ་སྦྱོང་ལག་རྩལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་རེད། ཀྲུང་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་སྟེང་ཐོན་ཁུངས་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་སྨན་གྱི་སྨན་རྫས་ཐོན་ཁུངས་སྲུང་སྐྱོང་དང་སྨན་རྫས་ཞིབ་འཇུག་ལ་ཤུགས་སྣོན་བྱེད་པ། ཀྲུང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཏང་འཛུགས་དང་སྨན་ཁང་གི་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ལ་སྔར་ལས་བཟང་བའི་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་དགོས་ཞེས་ནན་གྱིས་བསྟན།

ཐང་ནག་ཤང་ཀླུ་མཆོད་སྡེ་བ་རུ་ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་ཚུལ་གྱི་མཚམས་སྦྱོར་ལ་ཉན་པ་དང་། སྡེ་བ་རིམ་པའི་ཆེད་དོན་ལས་དོན་ཚོགས་པའི་བྱ་བའི་ཕན་འབྲས་དང་། དེ་བཞིན་སྐར་གསོག་སྒོ་རྩིས་ཚོང་ཁང་དང་མྱུག་གསོའི་སྣུམ་སྣོན་ས་ཚིགས་སོགས་ཀྱི་ཁྱད་ལྡན་བྱ་ཐབས་ལ་རྒྱུས་ལོན་བྱས་པ་རེད། ཆེད་དོན་ལས་དོན་ཚོགས་པའི་ནུས་པ་སྔར་ལས་འདོན་སྤེལ་བྱས་ཏེ། རིམ་པ་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་འཛུགས་དང་སྡེ་བ་རིམ་པའི་བྱ་བ་མཉམ་འདྲེས་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ། ཆེད་དོན་ལས་དོན་ཚོགས་པའི་བྱ་བའི་དཔྱད་ཞིབ་ལམ་སྲོལ་ལེགས་པོ་སྤྱོད་པ། ཏང་འཛུགས་ཀྱིས་བྱ་བ་ཁག་དོན་འཁྱོལ་བྱེད་པར་སྣེ་ཁྲིད་བྱ་དགོས། མཚོ་སྔོན་ཞིང་ཕྱུགས་ཚན་རྩལ་ཀུང་ཟི་རུ་ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་བཟོ་གྲྭའི་འཁོར་ཁང་དང་ཚོད་ལྟ་ཁང་བཅས་སུ་སོང་ནས། འབྲི་མོའི་འོ་མ་ཐོན་སྐྱེད་ལས་སྣོན་དང་ཕྱིར་ཚོང་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འོ་མའི་ཐོན་ཁུངས་སྤུས་ལེགས་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། འོ་མ་ཉོ་བསྡུ། འཁྱག་སྦྲེལ་དང་ལས་སྣོན་ཞིབ་ཚགས་བྱེད་པའི་ལམ་སྲོལ་བཙུགས་ནས། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རར་ཁས་ལེན་བྱེད་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཞིན་ཧེ་རྫོང་གི་བྱ་བའི་སྙན་ཉུར་ཉན་རྗེས་འབྲེལ་ཡོད་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། གཙོ་འཛིན་གྱི་བསམ་བློར་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བྱ་བའི་འགན་འཁྲི་བཅས་དོན་འཁྱོལ་བྱ་དགོས། སློབ་སྦྱོང་སློབ་གསོ་དམ་འཛིན་དང་། ཉེན་བརྡ་གཏོང་བའི་སློབ་གསོ།གནད་དོན་ཞིབ་བཤེར།ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་བྱ་བ་སྒྲུབ་ནས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་ཐུབ་པ་བྱ་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་དུ་བསྟར་བ་དང་། ཅན་བཅུའི་ཏང་འཛུགས་དམ་འཛིན་བྱེད་པ།རྒྱུན་དུ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་འདྲེས་པ།མང་ཚོགས་ཀྱི་ཁེ་ཕན་དང་དགོས་མཁོར་བསམ་བློ་གང་ལེགས་གཏོང་བ། ཆེད་དོན་ལས་དོན་ཏན་ཏིག་ངང་སྒྲུབ་པ། མི་དམངས་མང་ཚོགས་དང་བརྩེ་བ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་ངོས་འཛིན་གཅིག་མཐུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱ་དགོས། སྐབས་བརྗེའི་བྱ་བ་བརྟན་པོའི་ངང་དམ་འཛིན་ལེགས་པོ་བྱེད་པ་དང་། ཞིབ་ཕྲའི་འགག་རྩའི་ཁག་ཚད་ལྡན་དང་སྐུལ་འདེད་གཏོང་བ། སྤྱོད་བཟང་དྲང་གཞག་གི་སྐབས་བརྗེའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་དགོས་ཞེས་ནན་གྱིས་བསྟན། 

ཚོགས་འདུས་ད་དུང་ཉེ་དུས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་པ་རེད། རི་བོ་གཉིས་ཞེས་པའི་རྟེན་གཞི་འཛུགས་སྐྲུན་གྱི་ཕན་འབྲས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ།སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་མཐའ་གཅིག་ཏུ་སྲ་བརྟན་དུ་གཏོང་བ་དང་།མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་མུ་མཐུད་དུ་ཟབ་སྤེལ་དང་། བརྩེ་སེམས་ཀྱིས་དམངས་འཚོའི་དོན་དངོས་ཤུགས་ཆེན་པོས་བསྒྲུབ་དགོས། ཁྱོན་ཡོངས་ནས་ཉེན་མེད་ཐོན་སྐྱེད་དམ་འཛིན་དང་། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། དངོས་ཟོག་གསོག་འཇོག  འཕྲལ་སྡོམ་འཁྲབ་སྦྱོང་སོགས་ཀྱི་བྱ་བར་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན།  

ཏེང་ཧྲེང་ཕེང་ཚོགས་འདུར་ཞུགས།།

热门新闻

热门图库

热门排行