《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》དེབ་དང་པོའི་ཨུ་རུ་སུའི་ཡི་གེའི་པར་གཞི་ཨུ་རུ་སུར་ཐོག་མར་འགྲེམ་སྤེལ་བྱས་པ།

ཟླ6པའི་ཚེས3ཉིན་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཐོག《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》ཞེས་པའི་དེབ་དང་པོའི་ཨུ་རུ་སུའི་ཡི་གེའི་པར་གཞི་འགྲེམས་སྤེལ་མཛད་སྒོ་སྤེལ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན། ཨུ་རུ་སུའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཐོག《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》ཀྱི་དེབ་དང་པོའི་ཨུ་རུ་སུའི་ཡི་གེའི་པར་གཞི་ཁྱབ་བསྒྲགས་བྱས། ཀྲུང་གོ་དང་ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དང་རིག་མཛོད། སྲིད་གཞུང་སྒྲིག་གཞི་བཅས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཧྥུའུ་ཧྭ་དང་། ཐ་སི་གསར་འགྱུར་ཁང་གི་ཧྲེ་ཀྲང་ཁུང་ཏེ་ལ་ཧྲའོ་ཧྥུའུ། ཧྲེང་པི་ཏེ་པའོ་རུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་སྤྱི་ཁྱབ་དོན་གཉེར་པ་ལུའོ་ཀྲན་ཧུའེ་བཅས་ཀྱིས་མཉམ་དུ་དེབ་གསར་འགྲེམ་སྤེལ་བྱས།
ཚོགས་ཞུགས་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》ནི་དུས་རབས་གསར་པའི་ཀྲུང་གོའི་རྒྱལ་སྐྱོང་སྲིད་གཉེར་གྱི་རླབས་ཆེན་ལག་ལེན་དང་ཕུལ་བྱུང་གྲུབ་འབྲས་བརྗོད་པའི་གསར་འགྱུར་དངོས་བྲིས་ཤིག་ཡིན་པ་དང་། དེབ་དེའི་ཨུ་རུ་སུའི་ཡི་གེའི་པར་གཞིའི་ནང་གྱོད་དཔེ་ཞིབ་ཕྲ་དང་། ཕྱི་རོལ་ཡུལ་གྱི་ལྟ་ཕྱོགས། བརྒྱུད་རིམ་ལྡན་པའི་རྒྱས་བཤད་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་ཀྲུང་གོས་འགག་སྒྲོལ་དཀའ་སེལ་དང་འབད་བརྩོན་ཡར་རྒྱས་ཀྱི་འཕེལ་རྒྱས་བརྒྱུད་རིམ་མངོན་པར་བྱས་པས། ཨུ་རུ་སུའི་ལས་རིགས་ཁག་གིས་ཀྲུང་གོ་འཕེལ་རྒྱས་འགྲོ་དགོས་དོན་དང་ཀྲུང་གོའི་བཅོས་སྐྱོང་ནུས་ལྡན་འགྲོ་དགོས་དོན་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུར་དབང་གྲགས་དང་གསོན་ཉམས་ལྡན་པའི་དཔྱད་གཞིའི་ཀློག་དེབ་མཁོ་འདོན་ཐུབ་པ་དང་། ཀྲུང་ཨུའི་བསམ་བློ་དང་རིག་གནས་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དངོས་བྲིས》ཞེས་པའི་དེབ་དང་པོ་དེ་ཞིན་ཧྭ་གསར་འགྱུར་ཁང་གིས་རྩོམ་སྒྲིག་བྱས་པ་དང་། ཞིན་ཧྭ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་ཡོད། མིག་སྔར་རྒྱ་ཡིག་དང་དབྱིན་ཡིག ཨ་རབ་ཡི་གེ ཨུ་རུ་སུའི་ཡི་གེ་སོགས་སྐད་རིགས་ཀྱི་པར་གཞི་པར་སྐྲུན་བྱས་ཡོད། །